У нас вы можете посмотреть бесплатно Tibetan song Tugu Chung Chung by Rigdol ཕྲུ་གུ་ཆུང་ཆུང་། ལེན་མཁན། རིག་སྒྲོལ། или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
༼ཕྲུ་གུ་ཆུང་ཆུང་།༽ ལེན་མཁན། རིག་སྒྲོལ། བཀའ་དྲིན་བསམ་ནས་ཕ་མའི་དྲིན་ལན་མཇལ། ཤེས་བྱའི་བང་མཛོད་དགེ་རྒན་བཀའ་དྲིན་ཆེ། འདི་ཕྱི་རྩ་བའི་བླ་མ་ལ་སྐྱབས་སུ་མཆི། བདེན་པའི་བསླབ་བྱ་སེམས་ནང་བཞག་རོགས་གནང་དང་། ཐ་མག་འཐེན་ནས་སྣང་བ་སྐྱིད་པ་ལས། གླུ་གཞས་ཉན་ནས་སེམས་པ་སྐྱིད་པ་དགའ། ཆང་རགས་འཐུང་ནས་སྣང་བ་སྐྱིད་པ་ལས། གླུ་གཞས་འཁྲབ་ནས་སེམས་པ་སྐྱིད་པ་དགའ། བྱས་གཙང་ང་ཚོ་བོད་ཀྱི་ཕྲུ་གུ་ཚོ། ང་ཚོ་ཕ་མ་བཟང་པོའི་ཕྲུ་གུ་རེད་ཡ། ཕྲུ་གུ་ཆུང་ཆུང་། ཉམས་ཆུང་ཆུང་། བདེན་པའི་བསླབ་བྱ་ཉམས་ཆུང་བྱས་ནས་གསན་དང་། ཕྲུ་གུ་ཆུང་ཆུང་། ཉམས་ཆུང་ཆུང་། བདེན་པའི་བསླབ་བྱ་ཉམས་ཆུང་བྱས་ནས་གསན་དང་། མ་རབས་བྱས་ནས་སྣང་བ་སྐྱིད་པ་ལས། ཡ་རབས་བྱས་དང་མི་ཚེ་སེམས་པ་སྐྱིད། པག་ལགས་འཁྲབ་ནས་སྣང་བ་སྐྱིད་པ་ལས། ཕ་མ་གཉིས་ལ་རོགས་པ་བྱས་ན་དགའ། ངན་པའི་སློབ་སྟོན་གཞན་ལ་སྟོན་པ་ལས། ཡོན་ཏན་ཕན་ཚུན་བསླབ་རེས་བྱས་ན་དགའ། ཕྱག་དངུལ་བེད་སྤྱོད་ལོག་པར་བཏང་བ་ལས། སྤྲང་པོ་རྣམས་ལ་སྦྱིན་བདག་བྱས་ན་དགའ། བྱས་གཙང་ང་ཚོ་བོད་ཀྱི་ཕྲུ་གུ་ཚོ། ང་ཚོ་བྱང་ཆུབ་སེམས་དཔའི་མི་རྒྱུད་རེད་ཡ། ཕྲུ་གུ་ཆུང་ཆུང་། འདོད་པ་ཆུང་ཆུང་། བདེན་པའི་བསླབ་བྱ་འདོད་པ་བྱས་ནས་གསན་དང་། ཕྲུ་གུ་ཆུང་ཆུང་། འདོད་པ་ཆུང་ཆུང་། བདེན་པའི་བསླབ་བྱ་འདོད་པ་བྱས་ནས་གསན་དང་། ཉལ་ཐ་བཟི་སྨན་ཟ་ནས་ཤི་བ་ལས། རྒྱལ་ཁབ་དོན་དུ་རང་སྲོག་བཏང་ན་དགའ། Drugs དང་ Tablets ཟ་ནས་ཤི་བ་ལས། རང་བཙན་དོན་དུ་རང་སྲོག་བཏང་ན་དགའ། ཁ་ནས་ཚིག་ངན་འདྲ་མིན་བཤད་པ་ལས། མ་ཎི་འདོན་ནས་སྨོན་ལམ་རྒྱབ་པ་དགའ། མི་ལུས་རིན་ཆེན་སྟོང་ཟད་བཏང་བ་ལས། བདེན་པའི་བསླབ་བྱ་ལག་ལེན་བྱས་ན་དགའ། བྱས་གཙང་ང་ཚོ་བོད་ཀྱི་ཕྲུ་གུ་ཚོ། ང་ཚོ་མ་འོངས་བོད་ཀྱིས་སོན་རྩ་རེད་ཡ། ཕྲུ་གུ་ཆུང་ཆུང་། སེམས་ཆུང་ཆུང་། བདེན་པའི་བསླབ་བྱ་སེམས་ཆུང་ནང་ལ་བཞོགས་དང་། ཕྲུ་གུ་ཆུང་ཆུང་། སེམས་ཆུང་ཆུང་། བདེན་པའི་བསླབ་བྱ་སེམས་ཆུང་ནང་ལ་བཞོགས་དང་། བདེན་པའི་བསླབ་བྱ་སེམས་ཆུང་ནང་ལ་བཞོགས་དང་། བདེན་པའི་བསླབ་བྱ་སེམས་ཆུང་ནང་ལ་བཞོགས་དང་།