У нас вы можете посмотреть бесплатно བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས། или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
བློ་སྦྱོང་ཚིགས་བརྒྱད་མ་བཞུགས་སོ། དགེ་བཤེས་གླང་རི་ཐང་པས་མཛད། བདག་ནི་སེམས་ཅན་ཐམས་ཅད་ལ།། ཡིད་བཞིན་ནོར་བུ་ལས་ལྷག་པའི།། དོན་མཆོག་སྒྲུབ་པའི་བསམ་པ་ཡིས།། རྟག་ཏུ་གཅེས་པར་འཛིན་པར་ཤོག ། གང་དུ་སུ་དང་འགྲོགས་པའི་ཚེ།། བདག་ཉིད་ཀུན་ལས་དམན་ལྟ་ཞིང་།། གཞན་ལ་བསམ་པ་ཐག་པ་ཡིས།། མཆོག་ཏུ་གཅེས་པར་འཛིན་པར་ཤོག ། སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།། རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག ། བདག་གཞན་མ་རུངས་བྱེད་པས་ན།། བཙན་ཐབས་གདོང་ནས་བཟློག་པར་ཤོག ། རང་བཞིན་ངན་པའི་སེམས་ཅན་ནི།། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།། རིན་ཆེན་གཏེར་དང་འཕྲད་པ་བཞིན།། རྙེད་པར་དཀའ་བས་གཅེས་འཛིན་ཤོག ། བདག་ལ་གཞན་གྱིས་ཕྲག་དོག་གིས།། གཤེ་སྐུར་ལ་སོགས་མི་རིགས་པའི།། གྱོང་ཁ་རང་གིས་ལེན་པ་དང་།། རྒྱལ་ཁ་གཞན་ལ་འབུལ་བར་ཤོག ། གང་ལ་བདག་གིས་ཕན་བཏགས་པའི།། རེ་བ་ཆེ་བ་གང་ཞིག་གིས།། ཤིན་ཏུ་མི་རིགས་གནོད་བྱེད་ནའང་།། བཤེས་གཉེན་དམ་པར་བལྟ་བར་ཤོག ། མདོར་ན་དངོས་སམ་བརྒྱུད་པ་ཡི།། ཕན་བདེ་མ་རྣམས་ཀུན་ལ་འབུལ།། མ་ཡི་གནོད་དང་སྡུག་བསྔལ་ཀུན།། གསང་བས་བདག་ལ་ལེན་པར་ཤོག ། དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།། རྟོག་པའི་དྲི་མས་མ་སྦགས་ཤིང་།། ཆོས་ཀུན་སྒྱུ་མར་ཤེས་པའི་བློས།། ཞེན་མེད་འཆིང་བ་ལས་གྲོལ་ཤོག །