У нас вы можете посмотреть бесплатно Choe Laybi | Rinchen Penjor | Bhutaneselovesong | 2025 или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
ཁྱོད་ལེགས་པའི་ ཡ་ལ་ ངོ་རིས་བལྟ་སྟེ་གིས།། ང་ལས་འབྲས་ ཡ་ལ་ ཁྱོད་ལུ་ཡིད་ཆེས་དོ།། སྔོན་བཟོད་པ་བསྒོམ་པའི་འབྲས་བུ་འདི།། དུས་ད་རེས་ཁྱོད་ཀྱིས་ཐོབ་ཆི་ནུག། ཁྱོད་མིག་ཁར་ལེགས་པའི་དགའ་འཛུམ་འདི།། ནཱ་སྨན་ཆུང་འཛོམས་སར་སྟོན་མ་ད།། ཞལ་འཛུམ་མདངས་ ཡ་ལ་ མཚར་བའི་ལྷ་མོ་ཡང་།། བུམོ་ཁྱོད་ལུ་ ཡ་ལ་ ཕྲག་དོག་ལངས་ནི་མས།། ཕྲག་དོག་ལངས་ནི་མས།། སོ་ཡ་ལ། སོ་ཡ་ལ། ཕང་མར་བཏབ་སྟེ་དབའེ་ གཏམ་ཅིག་སླབ་གེ། (2 times) ཁྱོད་མིག་ཏོ་ ཡ་ལ་ ཟུར་གྱི་མདའ་མོ་གིས།། ངེའི་དོན་ཧིང་ ཡ་ལ་ འབའ་གུར་ཕོག་ཆི་ཡི།། ད་ཁྱོད་ལུ་བརྩེ་གདུང་ན་ཟུག་གིས།། ས་ག་ཏེ་སྡོད་རུང་བག་མ་ཆགས།། ཁྱོད་དགའ་འཛུམ་ལྕགས་ཀྱུའི་རྩེ་མོ་གིས།། ངེའི་དོན་ཧིང་གསེར་ཉ་བཟུང་མི་འདི།། ཁྱོད་སྙིང་རྗེ་ ཡ་ལ་ སེམས་ཅིག་བསྐྱེད་ཞིནམ་ལས།། ཧིང་བྱམས་པའི་ ཡ་ལ་ སེམས་ཀྱིས་བདག་འཛིན་འབད།། སེམས་ཀྱིས་བདག་འཛིན་འབད།། སོ་ཡ་ལ། སོ་ཡ་ལ། ཕང་མར་བཏབ་སྟེ་དབའེ་ གཏམ་ཅིག་སླབ་གེ།(2 times) ཁྱོད་གསུང་སྐད་ ཡ་ལ་ ཧན་པའི་མགྲིན་བཟང་མ།། ངེའི་སེམས་ཀྱི་ ཡ་ལ་ ན་ཟུག་སངས་ཐབས་ལུ།། རང་ཉན་དགོ་མནོ་བའི་གཏམ་ཚིག་གསུམ།། དུས་ད་རེས་ལན་གཅིག་གསུངས་གནང་མས།། སོ་ཡ་ལ། སོ་ཡ་ལ། ཕང་མར་བཏབ་སྟེ་དབའེ་ གཏམ་ཅིག་སླབ་གེ། (2 times)