У нас вы можете посмотреть бесплатно December 10, 2025 или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
དེ་རིང་ཕྱི་ལོ་༢༠༢༥ཟླ་༡༢ཚེས་༡༠་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཆགས་ཡོད་པ་དང་། ༧རྒྱལ་བའི་བླ་གཟའ་དང་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་༣༦འཁོར་བའི་དུས་དྲན་ཡང་ཆགས་ཡོད། དེ་རིང་ཡང་ང་ཚོ་ཊོ་རོན་ཊོ་ལྷག་སྐར་ཚོགས་པ་ནས་དགྲ་བོ་རྒྱ་ནག་གཞུང་འཚབ་ཁང་གི་མདུན་དུ་ཞོགས་པ་ཆུ་ཚོད་བརྒྱད་པ་ནས་བཅུ་པའི་བར་ཆུ་ཚོད་གཉིས་ཀྱི་རིང་ལ་ལས་འགུལ་སྤེལ་ཡིན། སྤེལ་དགོས་པ་དེ་༧རྒྱལ་བ་རིན་པོ་ཆེ་ད་ལྟ་རང་བོད་ལ་ཕེབས་ཐུབ་དགོས། ༧པཎ་ཆེན་རིན་པོ་ཆེ་དང་སྒོ་ཤེས་རབ་རྒྱ་མཚོ་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་བྱ་དགོས་ཀྱི་ཡོད། བོད་ལ་ཆོས་དད་རང་དབང་དང་འགྲོ་ལུག་རང་དབང་འགྲོ་བ་མིའི་ཐོབ་ཐང་སོགས་དགོས་ཀྱི་ཡོད། ཞེས་འབོད་སྒྲ་སྒྲག་ཡོད། བཙན་བྱོལ་ནང་གི་བོད་པ་ཚོ་ཡིན་ན་འགྲོ་བ་མིའི་ཐོབ་ཐང་སོགས་ལ་སྐད་ཆ་བཤད་ཀྱི་དབང་ཆ་ཚང་ཞིག་དང་༧གོང་ས་མཆོག་གི་སྐུ་པར་མགོ་ལ་བཞག་ནས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་ལག་ཏུ་ཁྱེར་ནས་ང་ཚོའི་དཀའ་ངལ་བཤད་ཀྱི་ཐོབ་ཐང་ཚང་མ་ང་ཚོར་ཡོད་རེད། དེ་རིང་རྒྱལ་ཁབ་མང་པོ་ནས་ལས་འགུལ་སྤེལ་བཞིན་ཡོད་རེད། ཚང་མར་བཀའ་དྲིན་ཆེ། དེ་ཚོ་ང་ཚོའི་འགན་ཁུར་ཡང་རེད། ང་ཚོ་ཊོ་རོན་ཊོའི་ལྷག་སྐར་ཚོགས་པ་འདིའི་ཚ་བ་ཆེ་ན་ཡང་ཁ་བ་འབབ་ནས་འཁྱགས་ན་ཡང་རླུང་འཚུབ་སོགས་ཅི་ལྟར་བྱུང་ན་ཡང་ང་ཚོས་ལས་འགུལ་སྤེལ་རྒྱུ་དེ་འཚམ་འཇོག་གི་མ་རེད། དགྲ་བོ་རྒྱ་ནག་གཞུང་གིས་བསད་བཞག་ན་འགྱོད་པ་རྩ་བ་ནས་མེད། མ་འོངས་པར་ལས་འགུལ་འདིའི་ནང་མཉམ་ཞུགས་བྱ་རྒྱུ་འདོད་པ་ཡོད་མཁན་ཡོད་ན་བོད་མི་རིགས་ཀྱི་བདེ་སྡུག་དང་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་དང་བོད་གཞུང་གི་བཀའ་དྲིན་བསམས་ན་ཉིན་མ་རེ་རེ་དང་ཟླ་བ་རེ་རེ་ལོ་རེ་རེ་ལས་འགུལ་རྒྱ་ཆེན་པོ་སྤེལ་གྱི་རེད། བོད་པ་ཚོ་ནམ་ཡང་སེམས་ཤུགས་མ་ཆག། རྒྱལ་ལོ། རྒྱལ་ལོ། བོད་རྒྱལ་ལོ།