У нас вы можете посмотреть бесплатно Tibetan reading 01 или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
སྔོན་གླེང་། ༄༅། །བོད་གངས་ཅན་པའི་སྐད་ཡིག་ནི། འཛམ་གླིང་འདིར་ཡོད་པའི་སྐད་ཡིག་ཧ་ཅང་མང་པོ་ཡོད་པའི་ནང་ནས། རབ་དང་ཕུལ་དུ་བྱུང་བ། རྩེ་ཕུད་དེ་ཡིན་ཞེས་སྤོབས་པ་མཐོན་པོས་བརྗོད་ཐུབ། རྒྱུ་མཚན་གང་ཡིན་ཟེར་ན། དེང་དུས་ཀྱི་ཤེས་བྱ་གལ་ཆེན་ཚན་རིག་ལས་ལྷག་པའི། ནང་དོན་རིགས་པའི་གཞུང་ལུགས་གཙོ་བོར་གྱུར་པའི་བཅུ་ཕྲག་རིག་པའི་གནས་རྣམས། བོད་ཀྱི་སྐད་ཡིག་གི་སྟེང་དུ་ཡོད་པས་ཡིན། རྒྱུ་མཚན་དེའི་ཕྱིར་ན། བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དགོས་དོན་སྙིང་པོ་ནི། དེ་ལ་བརྟེན་པའི་རིགས་པའི་གཞུང་ལུགས་རྣམས་མི་ཉམས་རྒྱུན་འཛིན་དང་། རིགས་པའི་གཞུང་ལུགས་དེ་དག་ལ་ཐོས་བསམ་སྒོམ་གསུམ་བྱས་པ་བརྒྱུད། རང་རྒྱུད་ལ་དོན་དམ་པའི་འདྲ་མཉམ་དང་། དོན་དམ་པའི་རང་དབང་། དོན་དམ་པའི་ཞི་བདེ་ཞིག་མྱོང་ཐུབ་པའི་དགོས་དོན་མཐར་ཐུག་དེ་འགྲུབ་པའི་ཆེད་དུ་ཡིན་པ་མཁྱེན་དགོས། ཉེ་སྔོན་བོད་བཞུགས་བོད་ཀྱི་རིག་གནས་མཁས་ཆེན་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་བརྩམས་པའི། ནང་དོན་ཕུན་སུམ་ཚོགས་པའི་དཔེ་དེབ། ཤུལ་འཚོལ། ཞེས་པ་འདི་ཉིད། བོད་ཡིག་ཀློག་རྩལ་ལ་བྱང་ཚད་རྩེ་མོར་སོན་པའི་སྐུ་སྐྱེས་མ་དབྱངས་ཅན་ལགས་ཀྱིས། སྒྲ་དག་གསལ་གསུམ་གྱི་ཐོག་ནས་ཀློག་པ་གནང་འདུག ད་ཐེངས་འདིར་བོད་ཀྱི་སྐད་ཡིག་ལ་དུང་བ་ཟབ་པའི་རང་རིགས་རྣམས་ཀྱི་ཀློག་དཔེའི་ཆེད་དུ། འདྲེན་འགོད་བྱེད་པའི་ངལ་བ་དང་དུ་བླངས། དེས་ན། གསན་གཟིགས་གནང་མཁན་གྱི་རྒན་དར་གཞོན་གསུམ་ཚང་མས། རྩོམ་ཡིག་གི་རྩོམ་འགྲོས་ལས་རྩོམ་དཔེ་ལེན་ཐུབ་པ་དང་། དེ་བས་ཀྱང་། ཕུན་སུམ་ཚོགས་པའི་ནང་དོན་རྣམས་ཁོང་དུ་ཆུབ་པ། དེ་བཞིན་སྒྲ་དག་གསལ་གསུམ་ལྡན་པའི་ཀློག་འདོན་ཇི་མ་ཇི་བཞིན་མཁྱེན་རྟོགས་ཡོང་བའི་རེ་བ་སྙིང་དབུས་ནས་ཞུ་བཞིན་ཡོད། ད་དུང་གསན་གཟིགས་གནང་མཁན་ཚོར། གལ་ཆེ་དོན་ཆེ་བྱས་ནས་ཞུ་འདོད་པ་ཞིག་ལ། ཐམས་ཅད་མཁྱེན་པས། ལོ་ཤས་སྔོན་ལྔ་དང་ལྔ་བཅུ་ཞེས་པའི། གཞོན་སྐྱེས་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ལ། མཇལ་ཕྱག་སྐབས་གསུངས་དོན། ལྔ་དང་ལྔ་བཅུ་ཞེས་པ་དེ་དང་འབྲེལ་ན། ཁྱོད་ཚོས་མི་ལོ་ལྔ་རིང་ནང་དོན་རིགས་པའི་གཞུང་ལ་སྦྱངས་པ་བྱས་ན། མི་ལོ་ལྔ་བཅུའི་རིང་ལ་རྣམ་དཔྱོད་འདོན་ཐུབ་ཀྱི་རེད། ཅེས་འདོམས་པར་མཛད་པ་བཞིན། བོད་ཀྱི་སྐད་ཡིག་བྱང་ཚད་ལྡན་པ་ཞིག་ཆགས་པ་དང་ཆབས་ཅིག ནང་དོན་རིགས་པའི་གཞུང་ལུགས་ཀྱི་བྲོ་བ་མྱོང་ཐུབ་པ་ཞིག་ངེས་པར་དུ་གནང་དགོས།། མཐའ་འཁོབ་རྒྱ་མཚོ་ཆེན་པོའི་ཕ་རོལ། དབྱར་དགུན་ཉིན་མཚན་གོ་ལྡོག་པའི་གནས། སྦལ་པ་ཀོ་ཀྲད་རྒྱག་སའི་ཡུལ་ནས། སྐྱེམས་མཚོས། ཕྱི་ལོ་༢༠༢༦ ལོའི་ཕྱི་ལོའི་ལོ་གསར་དང་བསྟུན་ནས་ཕུལ།།