У нас вы можете посмотреть бесплатно 第十六集:阿藏珠巴法王之著作《解道明燈的訣竅》 или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
༡༦ དག་པའི་ཞིང་འོག་མིན་ཆོས་དབྱིངས་ཕོ་བྲང་ཡིད་ལ་བྱ། 第十六集: 阿藏珠巴法王之著作《解道明燈的訣竅》2025/06/13 講法者:持明仁增塔欽仁波切 ༧ ཨ་འཛོམ་འབྲུག་པའི་གདམས་ངག། རྒྱ་ཀོང་རིག་འཛིན་མཐར་ཕྱིན། སྒྲ་ཆ་ཚང་། དགོངས་བརྡ་སྙན་བརྒྱུད་བླ་མ་ཀུན་འདུས་པ།།ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ།།ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ།།བཤད་སྒྲུབ་བསྟན་པའི་ཤིང་རྟ་འཇིགས་མེད་གླིང་།།དབྱེར་མེད་བཀའ་དྲིན་སུམ་ལྡན་བླ་མ་རྗེ་སོགས་ཨ་འཛོམ་འབྲུག་པའི་གསུངས་ལྟར། རྒྱལ་དབང་ཨོ་རྒྱན་ཆེན་པོའི་ཡེ་ཤེས་སྐུས་རྗེས་སུ་བཟུང་བའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས། དེའི་ཡེ་ཤེས་སྐུས་རྗེས་སུ་བཟུང་བ་རིག་འཛིན་འཇིགས་མེད་གླིང་པ། དེའི་ཡེ་ཤེས་སྐུས་རྗེས་སུ་བཟུང་བ་རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ། དེའི་སྲས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་སྟེ་ཡབ་སྲས་གོང་མ་གཉིས་དང་། དེའི་ཞལ་སློབ་དམ་པ་རྗེ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་དག་ཆེན་ཡས་སྤྲུལ་ཆེན་པོ། རྫོགས་ཆེན་ལྔ་བ་སོགས་ཀྱིས་ངོས་འཛིན་མངའ་གསོལ་མཛད་པའི་བདག་ཅག་གི་རྩ་བའི་བླ་མ་༧ ཨ་འཛོམ་འབྲུག་པ་ཐུབ་བསྟན་པདྨ་ཕྲིན་ལས་དཔལ་བཟང་པོ་དང་། དེའི་ཞལ་སློབ་གསང་གསུམ་རྒྱལ་ཚབ་འཇམ་དབྱངས་ཆོས་ཀྱི་ཉི་མ་སྟེ་ཡབ་སྲས་འོག་མ་གཉིས་ཀྱིས་མདོ་སྔགས་རྫོགས་ཆེན་གྱི་ཆོས་སྒོ་རྒྱ་ཆེར་གསུངས་པ་སྤྱི་དང་། ཁྱད་པར་ཡབ་སྲས་གོང་མ་གཉིས་ནས་ཡབ་སྲས་འོག་མ་ལ་ཞལ་ནས་སྙན་དུ་བརྒྱུད་པའི་ཨ་འཛོམ་སྙན་བརྒྱུད་རིན་པོ་ཆེ་ཆ་ལག་བཅས་པའི་བཀའ་ཆོས་སྨིན་གྲོལ་གདམས་པའི་བརྒྱུད་སྲོལ། དད་དང་དམ་ཚིག་གིས་འཛིན་པའི་ལས་ཅན་སློབ་མ་འདུ་ས། ཨ་འཛོམ་མཆེད་ལྕམ་གླིང་གི་འདུས་པ་བརྒྱ་ཕྲག་ལྔའི་ཚོམས་སོགས་ལ་༧ ཨ་འཛོམ་འབྲུག་པའི་གསུངས་ཐར་ལམ་སྒྲོན་མེ་ལ་འབྲེལ་བཤད་ཟླ་བ་མང་པོར་བྱས་པའི་སྒྲ་སྒམ་འདི། མཐོང་ཐོས་དྲན་རེག་ལ་ངེས་དོན་རྫོགས་པ་ཆེན་པོའི་ཡེ་ཤེས་ཡོན་ཏན་ལ་དབང་བའི་བྱིན་བརླབས་ཐོབ་པ་དང་འགྲོ་དོན་རྒྱ་ཆེ་འོང་བའི་སྨོན་ལམ་བཅས། རིག་འཛིན་སྒྲ་བསྒྱུར་ཚོ་ཆུང་གིས་སྤེལ། #正知正念 #修行 #心靈成長 #藏傳佛教 #蓮花生大士 #蓮師 #西藏 #覺醒 #智慧 #空性智慧 #空性 #覺察 #靜心 #當下 #仁波切 #解脫 #訣竅 #持明