У нас вы можете посмотреть бесплатно གཡག་འཛིང་ལ་བལྟས་པ། Yak fighting или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
གཡག་ནི་བོད་ཀྱི་སྒོ་སོག་གལ་ཆེན་ཞིག་ཡིན། དགོས་མཁོ་མེད་སྐབས་ནམ་རྒྱུན་རི་ལ་གློད་བཞག་པ་ལས་ཉིན་ལྟར་འཚོ་མི་དགོས་པས་རྫི་བོ་དམིགས་བསལ་མེད། ནམ་ཞིག་དགོས་གལ་བྱུང་བ་ན་སྐབས་འཕྲལ་གཡག་རྣམས་ལྷས་ལ་བསྡུ་བར་འགྲོ་དགོས། སྤྱིར་བཏང་འབྲི་དང་གཡག་ཕལ་པ་ཚོའི་ཟེ་ཆོ་ཕུད་པའི་རྩིད་པ་ཡོངས་རྫོགས་བྲེག་ཀྱང་། སྤུ་མདོག་སྙིང་རྗེ་མོའི་རིགས་དང་རིགས་རྒྱུད་བཟང་བའི་གཡག་ཐུག་སོགས་ཀྱི་སྦོ་འོག་གི་རྩིད་པ་ལས་དཔུང་རྩིད་སོགས་བྲེག་གི་མེད། རྩིད་པ་བྲེག་སྐབས་འབྲི་གཡག་གི་རྔ་མའི་ནང་ངོས་ནས་ཀྱང་གང་འཚམས་བྲེག་པ་དང་། ལྷག་པར་“ཤད་རྔ་ཁྲེག”ཅེས་ཤད་དང་ཤད་མོ་ཡིན་ན་རྔ་མ་ཕོན་ཆེ་ཙམ་བྲེག་པ་ལས་མཆོད་རྟེན་མགོ་མཇུག་སློག་པ་འདྲ་པོ་ཆགས་ཡོང་། ཁུ་ལུ་ནི་འབྲི་གཡག་དང་རའི་པགས་པའི་ངོས་ནས་བཏོག་པ་ལས་གསོན་པོ་ནས་བཏོག་པ་ཆེས་ཉུང་། གཞན་ཡང་རྩིད་པ་བྲེག་སྐབས་དང་བསྟུན་ལོ་དེར་བཤའ་རྒྱུ་གཏན་ཁེལ་ཟིན་པའི་གཡག་རྣམས་ལ་ཚྭ་སྤྲད་ཅིང་། ཡུལ་སྐད་དུ་གཡག་ལ་ཚྭ་བླུད་པ་ཟེར། གཡག་རིལ་རྗེས་རྭ་གཉིས་པོ་ས་ལ་བཙུགས་པ་དང་ལྕེ་གཞོགས་གཅིག་ལ་འཐེན་ཏེ་གྲེ་བའི་སྦུག་ལ་ཚྭ་ཕོར་པ་གང་ནས་དོ་བར་བླུག་ཡོང་། སྤྱིར་གཡག་རྭ་ས་ལ་བཙུགས་པ་ནི་རྩིད་པ་བྲེག་སྐབས་དང་ཁྲག་གཏར་སྐབས་སོགས་ཚང་མ་ལ་ཐབས་ལམ་དེ་སྤྱད་ཀྱི་ཡོད། གཡག་ཇི་ལྟར་ངར་ཡང་རིལ་རྗེས་རྭ་གཉིས་པོ་ས་ལ་བཙུགས་ཏེ་སྤོ་ནས་གྱེན་དུ་འཐེན་ན་གང་ཡང་བྱེད་མི་ཐུབ། གལ་སྲིད་ཨ་ཡུ་ཡིན་ན་ཁག་ཙམ་ཡོང་། གྲེ་བར་ཚ་བླུག་རྗེས་དེ་ཁོག་པ་ནང་འདེད་བྱེད་དུ་དར་བ་སྐྱོགས་གང་ཙམ་ཞིག་བླུག་སྟེ་“ཤ་འཇུ། ཚིལ་འཇུ”ཞེས་ཐལ་ལྕག་རེ་བརྒྱབ་ནས་གློད་བཞག་གི་ཡོད།