У нас вы можете посмотреть бесплатно མོན་གྷོར་ཞབས་སོར་འཁོད་མཚམས་ཀྱི་ཕེབས་སྟོན་མཛད་སྒོ། или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མོན་གྷོར་ཞབས་སོར་འཁོད་མཚམས་ཀྱི་ཕེབས་སྟོན་མཛད་སྒོ་ཚོགས་གནང་བ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཞབས་སོར་བདེ་བར་འཁོད་གནང་བ་དང་བསྟུན། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རའི་ནང་ཕེབས་སྟོན་གྱི་མཛད་སྒོ་འཚོགས་གནང་ཞིང་། སྐབས་དེའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་གང་ཉིད་བསྟན་འགྲོའི་དོན་དུ་དགུང་གྲངས་ ༡༣༠ བརྒལ་བ་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་གནང་བའི་བཀའ་སློབ་དུ་མ་ཞིག་སྩལ་གནང་སོང་བ་དང་། འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་དབང་འདུས་ནས་མིང་མང་ཁག་ཅིག་ལ་སེམས་ཚོར་ཇི་བྱུང་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།།