У нас вы можете посмотреть бесплатно རིང་མིན་རྒྱང་བསྲིང་ཞུ་འཆར་ཡོད། 《གསར་བརྗེ།》殺劫-藏文版预告】 или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
བོད་ཀྱི་རྩོམ་པ་པོ་འོད་ཟེར་གྱིས་སྤྱི་ལོ་༢༠༠༣ལོར་ལྷུག་རྩོམ་ 《བོད་ཀྱི་ཟིན་ཐོ།》ཞེས་པ་པར་བསྐྲུན་ཞུས་པར་བཀག་རྒྱ་ཕོག་རྗེས་གཞུང་ཕྱོགས་ཀྱིས་ལས་ཁུངས་ནས་ཕྱིར་ཕུད་བཏང་པ་དང་། སྡོད་གནས་གཞུས་བཞེས། ཕྱི་རྒྱལ་ལ་སྐྱོད་མི་ཆོག་པ་བཟོས་ཡོད་རུང་། ཁོང་གིས་བོད་ནང་མུ་མཐུད་ལོ་ཤས་རིང་དཔྱད་ཞིབ་བཅའ་འདྲི་གནང་སྟེ་ཁོང་གི་པཱ་ལགས་ནས་པར་ལེན་གནང་པའི་བོད་ཀྱི་རིག་གནས་གསར་བརྗེའི་འདྲ་པར་སུམ་བརྒྱ་ལྷག་ཙམ་ཡོད་པ་འདི་རྣམས་ཕྱོགས་བསྡུས་ཀྱིས་ 《གསར་བརྗེ་སྟེ། པར་ཆས་ནང་གི་བོད་ཀྱི་རིག་གནས་གསར་བརྗེ།》ཞེས་པའི་པར་རིས་དེབ་ཅིག་པར་བསྐྲུན་ཞུ་ཐུབ་པ་བྱུང་ཞིང་། ད་ཆ་རྒྱ་ཡིག་དང་བོད་ཡིག ཉི་ཧོང་གི་སྐད་ཡིག དབྱིན་ཡིག་སོགས་སྐད་ཡིག་ཁག་ཅིག་གི་པར་གཞི་ཐོན་ཡོད། སྤྱི་ཟླ་༡༢ཚེས་༢༥ཉིན་འདི་ནི་འོད་ཟེར་གྱི་པཱ་ལགས་དམ་པའི་འདས་ཚེས་ཡིན་ཞིང་། Youtube དང་ Facebook དྲ་ཚིགས་ཐོག་ལ་འདི་གའི་བརྒྱུད་ལམ་ནས་ 《གསར་བརྗེ།》ཞེས་པའི་པར་གཞི་འདི་བཞིན་བོད་རྒྱ་གཉིས་ཀྱི་སྐད་ཡིག་ཐོག་ཉིན་གནངས་འཆར་བཞིན་རེས་མོས་ངང་འགྲེམས་སྤེལ་ཞུ་རྒྱུ་ཡིན། ཡང་བོད་སྐད་འདི་ཟླ་༡༢ཚེས་༢༧ཉིན་ནས་དངོས་སུ་འགོ་བཙུགས་ཞུ་རྒྱུ་ཡིན། 《གསར་བརྗེ།》ཞེས་པའི་དེབ་འདིའི་རྩོམ་པ་པོ་འོད་ཟེར་གྱི་རྒྱབ་ལྗོངས་མཁྱེན་འདོད་ཡོད་ཚེ། འདི་གའི་བརྒྱུད་ལམ་ 《绝地今书》ནས་སྤྱི་ཟླ་༡༢ཚེས་༢༢ཉིན་ཀྲུའུ་རིས་ཁུན་ནས་བཟོ་པའི་དངོས་བཤུས་གློག་བརྙན་ 《ཡིག་ཚགས།》ཞེས་པ་སྟོན་རྒྱུ་ཡིན། འདིའི་ནང་འོད་ཟེར་འཚར་ལོངས་བྱུང་པའི་སྐོར་དང་འགྱུར་ལྡོག་གི་བརྒྱུད་རིམ། དེ་བཞིན་ཁོང་དང་ད་ལྟའི་བོད་ཀྱིས་ཐུན་མོང་ཐོག་ཁ་ཕྱོགས་པའི་དཀའ་གནས་སོགས་མངོན་ཡོད། ཁྱེད་ཀྱིས་འདི་གའི་བརྒྱུད་ལམ་ 《绝地今书》ལ་ཐུགས་སྣང་རྒྱུན་མངགས་གནང་རོགས་ཞུ་རྒྱུ་དང་བཅས་ཐུགས་རྗེ་ཆེ་ཞུ།།། ཕོག་ཐུག་བྱ་མི་རུང་བའི་དྲན་ཤེས་ཀྱི་བཀག་སྡོམ་ཁུལ་དང་། པར་ཆས་ཁྲོད་ཀྱི་བོད་ཀྱི་རིག་གནས་གསར་བརྗེའི་སྐོར་ཐོག་མར་ཕྱིར་བཏོན་པ། 不可碰觸的記憶禁區,鏡頭下的西藏文革,第一次披露 བོད་ཀྱི་རིག་གནས་གསར་བརྗེའི་འདྲ་པར་སུམ་བརྒྱས། སྐབས་དེ་དུས་ཀྱི་མི་སྣ་བདུན་ཅུའི་དཔང་ཚིག ལོ་ངོ་དྲུག་རིང་གི་གསང་བའི་བརྟག་དཔྱད་དང་བཅའ་འདྲི། ལོ་ངོ་བཅུའི་རིང་མུ་མཐུད་ཁ་སྐོང་དང་ཆ་ཚང་རུ་བཏང་སྟེ། མའོ་ཙེ་ཏུང་གི་རིག་གནང་གསར་བརྗེས་གངས་ལྗོངས་ས་མཐོར་བཟོས་པའི་དམར་གསོད་དང་འཕྲོག་བཅོམ་འདི་གསལ་སྟོན་བྱས་པ། 300 張西藏文革照片以 70 多位當事人的證言 六年多的秘密調查和採訪 持續十多年的不斷補充和豐富 呈現毛澤東的文化大革命給雪域高原帶來的殺劫 【讚賞與回贈】https://jidaibooks.com/donation/ 【絕地今書討論區】提問 討論 回答 https://jidai.today