У нас вы можете посмотреть бесплатно New Dolpo music video 2021 | དོལ་པོའི་དམངས་གླུ་མ་བཏབ་རྩ་བ་བཟང་པོ། или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
New Dolpo Music དོལ་པོའི་དམངས་གླུ་མ་བཏབ་རྩ་བ་བཟང་པོ། ཡང་སྲི་པ་ཨ་མ་ལེ་ཨོ། མ་བཏབ་རྩ་བ་བཟང་པོ།། རྩ་བའི་ལོ་མ་རིང་སོང་།། ཨེ་གོ་བསྭོ། སྨུག་ཁྲ་ལ་ཤིག ཨོ་ལོ་སྐྱེ་སའི་ཕ་ཡུལ།། བཏབ་པའི་འབྲུ་སྣ་འཛོམས་པོ།། ཨེ་གོ་བསྭོ། ཡང་སྲི་པ་ཨ་མ་ལེ་ཨོ། སྐྱིད་དག་རང་ཡུལ་ལོས་སྐྱིད།། མི་ཡུལ་ལས་ལ་བསྐོས་སོང་།། ཨེ་གོ་བསྭོ། སྨུག་ཁྲ་ལ་ཤིག ལས་ལ་བསྐོས་པའི་མི་ཡུལ།། མི་སྐྱིད་ཞུ་རྒྱུ་མི་འདུག། ཨེ་གོ་བསྭོ། ཡང་སྲི་པ་ཨ་མ་ལེ་ཨོ། བྱམས་དག་ཨ་མ་ལོས་བྱམས།། མ་གཡར་ལས་ལ་བསྐོས་སོང་།། ཨེ་གོ་བསྭོ། སྨུག་ཁྲ་ལ་ཤིག ལས་ལ་བསྐོས་པའི་མ་གཡར།། མི་བྱམས་ཞུ་རྒྱུ་མི་འདུག། ཨེ་གོ་བསྭོ། ཡང་སྲི་པ་ཨ་མ་ལེ་ཨོ། གཡུ་དེ་དྲུག་དཀར་དྲུག་དམར།། འདེམས་རྒྱུ་བདག་ལ་བྱུང་སོང་།། ཨེ་གོ་བསྭོ། སྨུག་ཁྲ་ལ་ཤིག ལས་དང་བླ་མ་དཀོན་མཆོག། དྲུག་དམར་ཞིག་དང་ཕྲད་སོང་།། ཨེ་གོ་བསྭོ། ཡང་སྲི་པ་ཨ་མ་ལེ་ཨོ། ཚྭ་དགའི་བྲག་དམར་ཁྲ་རྫོང་།། གནས་སྒོ་འབྱེད་རོགས་གནང་དང་།། ཨེ་གོ་བསྭོ། སྨུག་ཁྲ་ལ་ཤིག འོ་རང་གཞོན་གྲོགས་འཛོམས་པོ།། གནས་བཟང་སྐོར་དུ་བཏང་འགྲོ། ཨེ་གོ་བསྭོ། facebook: / pema.gojor