У нас вы можете посмотреть бесплатно གནམ་དགུང་གི་ཉིན་ཟླ། Trinkhor I 1985 (www.trinkhor.de) или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
གནམ་དགུང་གི་ཉི་ཟླ། ཕྲུ་གུ་ཚོ། ངས་ཁྱེད་རང་ཚོར་ལོ་རྒྱུས་སྐྱོ་པོ་ཞིག་ཤོད་ཀྱི་ཡིན། ཡག་པོ་བྱས་ནས་ཉན་ཨ། མནའ་སྔ་མོ་སྔ་མོ་ཁ་བ་གངས་ཅན་གྱི་ལྗོངས་དེར། ཤྭཀྱའི་རིགས་རྒྱུད་ཡིན་པའི་རྒྱལ་སྲས་སྤུན་ཆེ་ཆུང་གཉིས་བྱུང་པ་ཡིན་པ་རེད། ཆེ་བའི་མཚན་ལ་བསྟན་འཛིན་དང་། ཆུང་བའི་མཚན་ལ་རྒྱལ་མཚན། ཁོང་གཉིས་མི་མང་གི་སྡེ་སྡུག་ཁོ་ན་ལ་གཟིགས་མཁན་དང་། ཕན་མཚུན་གཅིག་གིས་གཅིག་ལ་སྐད་ཅིག་ཙམ་ཡང་བྲལ་མི་ཕོད་པའི་བརྩེ་དུང་ཆེན་པོ་ཡོད་པ། རྒྱལ་ཁབ་དེ་ཞི་བདེར་གནས་པའི་དུས་ཤིག་ལ། ཤར་ཕྱོགས་སྲིན་པོའི་ཡུལ་ཀྱི་དམག་བྱུང་ནས། ཤི་གསོད་ཁྲག་གི་འཁོར་ལོ་འཁོར་ནས། མཐའ་མ་ཁོང་སྤུན་གཉིས་མི་མང་གི་བདེ་སྡུག་ཆེད་ཞལ་བྲལ་དགོས་པ་བྱུང་བ་རེད། སྲས་ཆེ་བ་བསྟན་འཛིན་ནས་མི་མང་དུ་མ་ཞིག་ཁྲིད་དེ་རྒྱ་མཚོའི་ཕ་རོལ་དུ་ཡོད་པའི་རང་དབང་ནོར་བུ་མེ་འབར་ལེན་པར་ཕེབས་རྒྱུ་དང་། ཆུང་བས་གཞི་ལུས་མི་མང་གི་བདེ་སྡུག་སེལ་ཆེད་བཞུགས་རྒྱུ་ཐག་ཆོད་དེ། ཞལ་བྲལ་མཚམས་གྱི་སྐབས་ན། སྤུན་ཕན་ཚུན་ཐུགས་གསོ་དང་། ཞལ་ཆེམས། དེ་ནས་མི་མང་གི་ཞུ་བ་གསོལ་འདེབས་འདི་ལྟར་ཕུལ་སོང་། སྲས་ཆེ་བས། ང་མི་ཡུལ་འགྲོ་དགོས། སེམས་ཅན་གྱི་ལས་རེད། ཐུགས་སྐྱོ་སྐྱོ་མ་གནང་། བརྩེ་བའི་གཅུང་པོ་གསོན། ངེད་གཉིས་ཀྱི་ལས་རེད། ཁས་བླངས་པའི་དམ་བཅའ། ཉི་མ་སྤྲིན་པའི་འོག་ནས། དྭངས་བའི་དུས་ཞིག་ཡོང་། སྲས་ཆུང་བས། ང་ཕ་ཡུལ་སྡོད་དགོས། སེམས་ཅན་གྱི་ལས་རེད། ཐུགས་སྐྱོ་སྐྱོ་མ་གནང་། བརྩེ་བའི་གཅེན་པོ་གསོན། ངེད་གཉིས་ཀྱི་ལས་རེད། ཁས་བླངས་པའི་དམ་བཅའ། ཐིགས་པ་བསགས་པའི་རྒྱ་མཚོ། ཉིན་གཅིག་ཡོང་ངེས་རེད། མི་མང་ནས། ངེད་སྡུག་བསྔལ་མྱོང་དགོས། ཚེ་སྔོན་གྱི་ལས་རེད། ཐུགས་སྐྱོ་སྐྱོ་མ་གནང་། འཇིག་རྟེན་ཆོས་ཉིད་རེད། གནམ་དགུང་གི་ཉི་ཟླ། ངེད་རྣམས་ཀྱི་སྲོག་རྩ། ཁྱེད་གཉིས་ཀྱི་བཀའ་དྲིན། ནམ་ཡང་བརྗེད་མི་ཐུབ།