У нас вы можете посмотреть бесплатно Dalai Lama Enthroned as Drepung Tripa During Long Life Prayer at Drepung Monastery или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
His Holiness the Dalai Lama attended a Long Life Prayer offered to him by Drepung Monastery in the morning at the Drepung Lachi Monastery on December 24, 2025. ༸གོང་ས་མཆོག་༧རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་གདན་ཁྲི་ཆེན་པོར་མངའ་གསོལ་མཛད་པ། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༤ ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བླ་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། བླ་སྤྱི་ཚོམས་ཆེན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་༧རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་གདན་ཁྲི་ཆེན་པོར་མངའ་གསོལ་མཛད་སོང་། མགོན་པོ་༸གང་ཉིད་མཆོག་གིས་འབྲས་སྤུངས་ཁྲི་པར་ཞལ་བཞེས་བཀའ་དྲིན་མཛད་པ་ལ། དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་སྤྱི་ནས་བཀའ་དྲིན་མཚོན་ཆེད་དུ། འབྲས་སྤུངས་མཁན་པོ་ཁྲི་པ་༧སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་དང་། གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་ནས་༸རྗེ་འཇམ་དབྱངས་ཆོས་རྗེའི་སྐུ་བརྙན་རིན་པོ་ཆེ་འབུལ་ལམ་ཞུས་སོང་། དེ་བཞིན་སྟག་ཚང་རྭ་སྟོད་གྲྭ་ཚང་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མི་ལོ་ ༩༠ རིང་འཇིག་རྟེན་ཁྱོན་ཡོངས་ལ་གཞན་ཕན་འཕྲིན་ལས་ཀྱི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ། རྭ་སྟོད་མཁན་རིན་པོ་ཆེ་དང་མཁན་ཟུར་རྣམ་གཉིས་ནས་ཆོས་ཀྱི་འཁོར་ལོ་འབུལ་ལམ་ཞུས་སོང་། Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: / voiceoftibet YouTube: / voiceoftibet Instagram: / voice.of.tibet Twitter: / vot_tibetan #VoiceOfTibet #西藏之声