У нас вы можете посмотреть бесплатно སྟོད་གཞས། གངས་སྟོད་ཀྱི་མཐོ་ས།/Tibetan Traditional Dance/ Toeshe или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
ལྷན་རྒྱས་བསྐྱར་དུ་མཇལ་བར་དགའ་པོ་བྱུང་། དེ་རིང་ཁོ་བོས་རྒྱ་ཆེའི་གཟིགས་མོ་བ་ཚོ་ལ། བལ་ཡུལ་གྱི་རྒྱལ་ས་ཀཋ་མཎ་ཌུར་གནས་བཞུགས་རང་རེའི་སྒྱུ་རྩལ་བ་ཁག་ཅིག་ནས་ལ་སྟོད་ལྷོ་བྱང་གཉིས་སུ་ཕྱེ་བའི་ལྷོ་ཁུལ་གྱི་གཞས་ (གངས་སྟོད་ཀྱི་མཐོ་ས་) ཞེས་པ་ཞིག་འཁྲབ་སྟོན་གྱིས་བརྙན་འཇུག་འགོད་སྤེལ་ཞུས་ཡོད་པས་ལྷན་རྒྱས་ནས་དགྱེས་གཟིགས་ཡོང་བ་དང་། སྟབས་ཅིག་རྣམ་པ་ཚོས་དོ་ཁུར་གང་མང་གནང་བའི་རེ་བ་ཞུ། ། གཞས་ཚིག གངས་སྟོད་ཀྱི་མཐོ་ས་ཡ་རུ་བཞུགས། ། གངས་སྨད་ཀྱི་དམའ་ས་མ་རུ་བཞུགས། ། གངས་སྟོད་དྭངས་སངས་དཀར་མོས། ། ཡར་ལ་ཡར་ཤོག་གསུངས་བྱུང་། ། རྫ་སྟོད་ཀྱི་མཐོ་ས་ཡ་རུ་བཞུགས། ། རྫ་སྨད་ཀྱི་དམའ་ས་མ་རུ་བཞུགས། ། རྫ་སྟོད་འབྲོང་ཆུང་རལ་བས། ། ཡར་ལ་ཡར་ཤོག་གསུངས་བྱུང་། ། བྲག་སྟོད་ཀྱི་མཐོ་ས་ཡ་རུ་བཞུགས། ། བྲག་སྨད་ཀྱི་དམའ་ས་མ་རུ་བཞུགས། ། བྲག་སྟོད་བྱ་སྐྱ་རྒོད་པོས། ། ཡར་ལ་ཡར་ཤོག་གསུངས་བྱུང་། ། སྤང་སྟོད་ཀྱི་མཐོ་ས་ཡ་རུ་བཞུགས། ། སྤང་སྨད་ཀྱི་དམའ་ས་མ་རུ་བཞུགས། ། སྤང་སྟོད་ཤ་བ་རྭ་བཅུས། ། ཡར་ལ་ཡར་ཤོག་གསུངས་བྱུང་། །