У нас вы можете посмотреть бесплатно བོད་ཁ་བ་ཅན་གྱི་ཁྱད་ནོར། || GROUP SONG || YARKYI 2024 или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
བོད་ཁ་བ་ཅན་གྱི་ཁྱད་ནོར་ཞེས་པའི་མཉམ་གཞས་འདི་ནི་སྔ་མོའི་དུས་མི་རྣམས་ཀྱིས་རང་འབྱུང་ཁམས་ལ་འཐབ་རྩོད་བྱས་པའི་བརྒྱུད་རིམ་གྱི་ཁྲོད་ནས་ཞིང་པ་དང་འབྲོག་སྡེའི་སྡེ་ཁག་བྱུང་རྗེས་ནོར་ལུག་མཛོ་མོ་སོགས་འཚོ་གནས་ཀྱི་དགོས་མཁོར་གྱུར་པར་སོང་། གཞས་ཚིག་གི་ནང་དོན་དུའང་མཛོ་མོའི་འོ་མ་འཇོ་ལུགས་དང་འོ་མའི་ཁྱད་ཆོས་སྤྲིན་དཀར་གྱི་དཔེ་རུ་བཀོད་ནས་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད་པ་གྲགས། དེ་བཞིན་ཨ་རྩེད་རྩེད་སྐབས་ལུས་ཀྱི་འཁྱེར་སོ་དང་རྐང་པའི་རྡོབ་སྒྲ། ཞྭ་མོའི་ཁྱད་ཆོས་སོགས་མངོན་པར་བྱས་ཡོད་པས། གཤམ་ལ་ང་ཚོ་རྔོན་པ་རུ་ཁག་ནས་མཉམ་གཞས་མཛོ་མོ་རྭ་གོར་མའི་འོ་མ་ཞེས་པའི་མཉམ་གཞས་ཤིག་གཟིགས་འབུལ་ཞུ་རྒྱུ་ལགས་ན། ལྷན་རྒྱས་སྐུ་མགྲོན་རྣམས་དང་རྒྱ་ཆེའི་གཟིགས་མོ་བ་རྣམས་ཐུགས་དགྱེས་ཚོར་ཆེན་པོའི་ངང་གཟིགས་ཞིབ་ཡོང་བ་ཞུ། LYRICE: མཛོ་མོ་རྭ་གོར་མའི་འོ་མ། མཛོ་མོ་རྭ་གོར་མའི་འོ་མ། །སྤྲིན་དཀར་པོ་ཡང་འགྲོ་ས། །མཛོ་མོ་རྭ་གོར་མའི་འོ་མ། །ལྷོ་སྟོད་རེད་ལ་། མཛོ་མོ་རྭ་གོར་མའི་འོ་མ། །བཞོ་དགོ། བཞོ་དགོ། མཛོ་མོ་རྭ་གོར་མའི་འོ་མ། །ཆུ་གཙང་བོ་བཞུར་ས། །མཛོ་མོ་རྭ་གོར་མའི་འོ་མ། །ལྷོ་སྟོད་རེད་ལ། མཛོ་མོ་རྭ་གོར་མའི་འོ་མ། །བཞོ་དགོ བཞོ་དགོ ཅོ་ཉི་དོན་གྱི་གླུ། །ཨ་བོར་དགོས་ན་ནུ་གཞི་རེད། ། ཨ་རྩེད། ཨ་བོར་དགོས་ནོ་ནུ་གཞི་ཨ་འགྲོ་རེད། །ནུ་གཞིར་དགོས་ནོ་ཞྭ་མོ་རེད། །མགོ་ཞྭ་མོ་འོ་སྐོལ་བསོར་ར་ཨ་འགྲོ་རྩེད། །མགོ་གི་ཨ་ལོང་རྩེད། །མགོ་ན་ཞྭ་མོ་ལྡེམ་ལྡེམ། །རྐང་གི་ཨ་ལོང་རྩེད། །རྐང་ན་སག་ལྷམ་ཐག་ཐག ། ཨ་རྩེད། ཨ་བོར་དགོས་ནོ་ནུ་གཞི་ཨ་འགྲོ་རེད། །ནུ་གཞིར་དགོས་ནོ་སག་ལྷམ་ཨ་འགྲོ་རེད། །རྐང་སག་ལྷམ་ཨ་འགྲོ་བསོར་ར་ཨ་འགྲོ་གོན་ཨ། །མགོ་གི་ཨ་ལོང་རྩེད། །མགོ་ན་ཞྭ་མོ་ལྡེམ་ལྡེམ། །རྐང་གི་ཨ་ལོང་རྩེད། །རྐང་ན་སག་ལྷམ་ཐག་ཐག རང་གསུམ་འགྲིག་ཆ་བོ་འཁོར་ར་ཨ་འགྲོ་རྩེད། མགོ་གི་ཨ་ལོང་རྩེད། རང་སྤུན་ཟླ་ཆ་བོ་འཁོར་ར་ཨ་འགྲོ་རྩེད། མགོ་གི་ཨ་ལོང་རྩེད། སེང་ལྡེང་ཕྲ་མོ། ཨ་རྩེད། སྡེ་གཅིག་གི་འཛམ་གླིང་ཁབ་ནོ་འདི། །ཆགས་བཞག་ན་ཡང་ཉི་མ་སེར་པོ་རེད། །འདབ་མོ་གཅིག་རེ་སེང་ལྡེང་ཕྲ་མོ་ལ། ། ཨ་རྩེད། གླུ་རེ་ལད་མོ་གླུ་རེ་རྩེད། །འབའ་ལ་རེ་སོ་བརྒྱ་རེ་སྟོང་རེ་རྩེད། །འདབ་མོ་གཅིག་རེ་སེང་ལྡེང་ཕྲ་མོ་ལ། ། ཨ་རྩེད། མི་གཅིག་གི་མཛའ་བ་རིང་ནོ་འདི། །ཆགས་བཞག་ན་མཛའ་གླིང་རྒྱལ་བོ་རེད། །འདབ་མོ་གཅིག་རེ་སོ་སེང་ཕྲ་མོ་ལ། ། ཨ་རྩེད། གླུ་རེ་ལད་མོ་གླུ་རེ་རྩེད་འབའ་ལ་རེ་སོ་བརྒྱ་རེ་སྟོང་རེ་རྩེད། །འདབ་མོ་གཅིག་རེད་སེང་ལྡེང་ཕྲ་མོ་ལ། །འབའ་ལ་རེ་སོ་བརྒྱ་རེ་སྟོང་རེ་རྩེད། །འདབ་མོ་གཅིག་རེད། སེང་ལྡེང་ཕྲ་མོ་ལ།