У нас вы можете посмотреть бесплатно ལ་སྟོད་བྱང་གི་གཞས། བྲག་དེ་དཀར་པོ། Tibetan Cultural Dance/ Jangshe Drakde Karpo или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
དྲ་བརྙན་འདི་ནི་བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས། དམིགས་བསལ་ལ་སྟོད་ལྷོ་བྱང་ཁུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་རྐང་བྲོ་གླུ་གཞས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོར་དམིགས་པ་ཞིག་ཡིན། སྐབས་སུ་བབ་པ་ལ་སྟོད་བྱང་ཁུལ་གྱི་འཁྲབ་གཞས་བྲག་དེ་དཀར་པོ་ཞེས་པ་དེ་འགོད་སྤེལ་ཞུ་རྒྱུ་ཡིན་པས་རྣམ་པ་ཚོས་དགྱེས་གཟིགས་གནང་རོགས། དུས་མཚུངས་ལྷན་རྒྱས་ནས་དྲ་ཐག་འདིར་དོ་འཁུར་མང་ཙམ་གནང་བའི་རེ་སྐུལ་ཞུ། ། བྲག་དེ་དཀར་པོ། བྲག་དེ་དཀར་པོའི་ལོགས་ལ། ། རྒོད་པོའི་རྒོད་ཚང་ བཅས་ (ལཱ་) ཡོད། ། རྒོད་ཚང་ཉི་མ་དྲོ་ལ། ། (བདག་ལ་) རྒོད་ཕྲུག་གནས་བཟོད་བདེ་བ། ། སྒྲ་སྙན་རྟ་མགྲིན་དབང་རྒྱལ། ། ཨ་ཇོའི་ཁ་ལ་ཉོན་ (ལཱ་) དང་། འགྲོ་དུས་རྒྱབ་ལ་འཁྱེར་ཡོད། ། (བདག་ལ་) སྡོད་དུས་པང་དུ་བླངས་ (ལཱ་) ཡོད། ། སྒྲ་སྙན་འདི་ལ་ཕན་པའི། ། རྒྱུས་སྐུད་དྲུག་སྦྲེལ་བཏང་ (ལཱ་) ཡོད། མི་བོ་བདག་ལ་ཕན་པའི། ། སྙན་པོའི་ཚིག་གསུམ་བཏང་ཡོད། བཏང་ (ལཱ་) ཡོད།