У нас вы можете посмотреть бесплатно ༄༅། །རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར། ། A Jataka Tale: Prince Vessantara 佛本生傳:太子須大拏 | Gankyil или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
著名的雪域戏剧《智美更登》德白、格桑扎巴 說唱 (上、中、下)Drimed Kundan in Tibetan 00:00:00 - རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར། སྟོད་ཆ། (Part 1/3) 00:24:57 - རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར། བར་ཆ། (Part 2/3) 00:53:56 - རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར། སྨད་ཆ། (Part 3/3) རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར། སྟོད་ཆ། ཡུམ་སྲས་བཞི་པོའི་ཤིང་རྟ་འདྲེན་པའི་རྟ་གཉིས་ལམ་ཆས་བཀལ་བའི་གླང་པོ་ཆེ་གསུམ་དང་བཅས་ཏེ་ལམ་དུ་ཞུགས་སོ། །དེ་ནས་ཡུམ་དགེ་ལྡན་བཟང་མོས་ཐོག་དྲངས་བཙུན་མོ་ཕྱེད་དང་ཉིས་སྟོང་དང་། རྒྱལ་པོ་བཟང་པོ་ལ་སོགས་རྒྱལ་ཕྲན་དྲུག་ཅུ་དང་། ཟླ་བ་བཟང་པོ་ལ་སོགས་བློན་པོ་སུམ་སྟོང་དང་། ཁྱིམ་བདག་དཔལ་ལྡན་ལ་སོགས་འབངས་འཁོར་གཡོག་ཐམས་ཅད་ནས་མྱ་ངན་གྱི་སྨྲེ་སྔགས་འདོན་ཅིང་སྐྱེལ་མ་ཐག་རིང་པོའི་བར་དུ་བྱས་སོ། །དེ་ནས་ལ་ཀླུང་མང་པོ་ཞིག་སྒྲོལ་བའི་ཚེ་རྒྱལ་བུས་སྨྲས་པ། བདག་གི་ཡུམ་ཆེན་ལ་སོགས་བཙུན་མོའི་ཚོགས། ། རྒྱལ་ཕྲན་བཟང་པོ་ཟླ་བཟང་བློན་པོའི་ཚོགས། ། དཔལ་ལྡན་ལ་སོགས་འབངས་དང་འཁོར་གཡོག་རྣམས། ། བདག་ལ་བརྩེ་བས་ལ་ཀླུང་མང་པོའི་བར། ། ........ ཡབ་ཡུམ་རྗེ་འབངས་སྐུ་ཁམས་བཟང་ལགས་སམ། ། ཞེས་གསུངས་སོ། །བློན་པོ་ཟླ་བ་བཟང་པོ་དང་མནྡེ་བཟང་མོ་གཉིས་ཀྱིས་རྒྱལ་བུའི་གཡས་གཡོན་ནས་སྐྱོར་ཏེ་བྱོན་ནོ། །དེར་ལམ་ཁ་ཞིག་ཏུ་སྐུ་སྙེས་མཛད་ནས་རྒྱལ་བུས་གསུངས་པ། ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་བདག་ལ་དགོངས། ། མནྡེ་བཟང་མོའི་མྱ་ངན་སེལ་ཕྱིར་དང་། ། ཟླ་བ་བཟང་པོའི་བསམ་པ་རྫོགས་ཕྱིར་དུ། ། བདག་གི་མིག་གཉིས་སྔར་ལས་གསལ་བར་ཤོག ། ཅེས་གསུངས་པས། །སྐད་ཅིག་ལ་སྤྱན་གཉིས་པོ་སྔར་ལས་གསལ་བར་གྱུར་ཏོ། །དེ་ནས་ཡང་བྱོན་པས་དཔལ་གྱི་བསམ་གླིང་ཞེས་བྱ་བར་ཕེབས། དེར་མཐའ་འཁོབ་བྱེ་མ་ཤིང་དྲུང་གི་རྒྱལ་པོ་ཤིང་ཁྲི་བཙན་པོས། རྒྱལ་བུ་དྲི་མེད་ཀུན་ལྡན་ཡབ་ཡུམ་འཁོར་དང་བཅས་པ་གདན་དྲངས་ནས་མཆོད་པས་མཉེས་པར་བྱས་ཏེ། སྔར་གྱི་ནོར་བུ་དགོས་འདོད་དཔུང་འཇོམས་དེས་གཙོ་བྱས་ནོར་བསམ་གྱིས་མི་ཁྱབ་པ་ཕུལ་ནས་ཞུས་པ། རྒྱལ་བུ་དམ་པ་ཁྱེད་ཡུན་རིང་པོའི་བར་དུ་འོ་བརྒྱལ་བ་དེ་བདག་གིས་ལན་པས། བཟོད་པ་དང་བཤགས་པའི་ཕྱིར་བདག་གི་རྒྱལ་སྲིད་འཁོར་འབངས་རྣམས་ཀྱང་ཁྱེད་ལ་འབུལ། བདག་རང་འཁོར་བ་ནས་དྲོངས་སུ་གསོལ། ཞེས་ཞུས་ནས་ཕྱག་དང་བསྐོར་བ་མང་དུ་བྱས།