У нас вы можете посмотреть бесплатно Tibetan New Gorshey Music Video| Nyari Tholing или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
ཤག་སྒང་སྒྲ་འཇུག་ཁང་། རྫོགས་ཤད་ཐེབས་ལ་ཉེ་བའི་གནའ་བོའི་གླུ་གར་གྱི། ཚིག་སྒྲ་དང་དབྱངས་སྒྲ་རྣམས་ཇི་བཞིན་ཏེ། སྒྲ་ཉམས་གྲུ་ཆག་མེད་པར། མི་རབས་གཞོན་པར་རྩིས་སྤྲོད་ཐུབ་པ་བྱ་རྒྱུ་དེ་ཡིན། སྒྲ་འཇུག་ཁང་འདི་ནི། གནའ་སྔ་མོ་ཞང་གཞུང་ནས་དར་འོངས་པའི་མངའ་རིས་གླུ་དབྱངས་ཀྱི་ངག་མཛོད་དང་ཡིག་ཚགས་ཁང་ཞིག་ཡིན། SHAKGANG STUDIO For our traditional songs and dances, which are nearly forgotten, this studio aims to preserve the lyrics and melodies of the music, ensuring the sounds and qualities remain undistorted so they can be passed down to the younger generations of Tibet. This recording studio is a repository and archive of Ngari musical traditions from the ancient Zhang zhung བྱང་ཐང་ལྷས་ར་གྲུ་བཞི་ནི། བདག་གི་བརྙན་ལེན་གླུ་དབྱངས་ཐེངས་བརྒྱད་པ་སྟེ། སྟོད་མངའ་རིས་མཐོ་ལྡིང་ངམ་མཐོ་ལིང་གི་དམངས་གླུ་རྩ་ཆེན་རིན་ཐང་བྲལ་བ་ཞིག་ཡིན། དེ་ཡང་བསྟན་པ་ཕྱི་དར་གྱི་གནས་ཡུལ་རྩ་ཆེན་མཐོ་ལིང་གི་འབྲོག་པ་རྣམས་ནས། རང་གི་ཐོན་སྐྱེད་མར་གྱི་དོ་བོ་རྣམས་གམ་པ་ལ་མོ་བརྦྱབས་ནས་མཐའ་མ། ལྷ་ལྡན་ཇོ་བོར་མར་མེའི་མཆོད་པ་འབུལ་ཐུབ་པ་ནི། མི་ཚེའི་སྙིང་བོར་འདོད་པའི་དམངས་གླུ་རྩ་ཆེན་ཞིག་ཡིན། Jangthang Lhasa Druzhi is my eighth music and film recording. It is an invaluable and precious folk song from Ngari Thoding or Tholing in upper Tibet. The nomads of Tholing, the sacred place of the later spread of Buddhism, load their butter production onto mules and finally are able to offer butter lamp offerings to the Jowo in Lhasa - this is a precious folk song that expresses their heart's desire in life. CREDIT: JANGTHANG LHERA DUPSHE DIRECTOR: Shakgang Pasang Tsering SINGER: Shakgang Pasang Tsering FUNDED BY: USAID From the American People THE Tibet Fund (TTF) Tibetan Arts and Culture Fund (TACF) CHORIG CTA MUSIC BY: Pema Wangdi Lama GUITAR: Pema Wangdi Lama FLUDE: Raman Mahajan PEWANG: Tsering Gyurme DRANYEN: Tsering Gyurme MIX & MASTED: Chandra Chaudary Acoustic Nepal, Kathmandu Nepal SPECIAL CREDITS: LYRIC REFERENCE: Samten Dolma & Jampa Pasang Camp no: 1 Mundgod Tholing ARTIST: Mundgod Morning Group CAMERA: Tsering Dorjee Mundgod VOCAL RECORD: FSK Musiq Studio Kengeri THANKS TO SHAKGANG FAMILY LYRIC: ༡ བྱང་ཐང་ལྷས་ར་གྲུ་བཞི། ཧེ་འེ་འེ་་་ གཡང་དཀར་མ་མོས་ཁེངས་སོང་ཞུ་རོགས་གནང་། དང་ལ་གཡང་དཀར་མ་མོས་ཁེངས་སོང་ཞུ་རོགས་གནང་། གཡང་དཀར་མ་མོས་ཁེངས་ནས་ལ། དཀར་ཟོ་འོ་མས་ཁེངས་སོང་ཞུ་རོགས་གནང་དང་ལ། དཀར་ཟོ་འོ་མས་ཁེངས་སོང་ཞུ་རོགས་གནང་། དཀར་ཟོ་འོ་མས་ཁེངས་ནས་ལ། སེར་བོ་མར་ལ་འགྱུར་སོང་ཞུ་རོགས་གནང་དང་ལ། སེར་བོ་མར་ལ་འགྱུར་སོང་ཞུ་རོགས་གནང་། གཅིག གཉིས། གསུམ། བཞི། ལྔ། དྲུག དགུ། བཅུ། འགྲིགས། འགྲིགས། ༢ སེར་བོ་མར་ལ་འགྱུར་ནས། མར་གྱི་དོ་བོ་བརྒྱབས་སོང་ཞུ་རོགས་གནང་དང་ལ། མར་གྱི་དོ་བོ་བརྒྱབས་སོང་ཞུ་རོགས་གནང་། མར་གྱི་དོ་བོ་བརྒྱབས་ནས། སྨུག་ཆུང་དྲེལ་ལ་བཀལ་སོང་ཞུ་རོགས་གནང་དང་ལ། སྨུག་ཆུང་དྲེལ་ལ་བཀལ་སོང་ཞུ་རོགས་གནང་། ༣ སྨུག་ཆུང་དྲེལ་ལ་བཀལ་ནས། གམ་པ་ལ་མོ་བརྒྱབས་སོང་ཞུ་རོགས་གནང་དང་ལ། གམ་པ་ལ་མོ་བརྒྱབས་སོང་ཞུ་རོགས་གནང་། གམ་པ་ལ་མོ་བརྒྱབས་ནས། ལྷ་སའི་ཁྲོམ་ལ་སླེབས་སོང་ཞུ་རོགས་གནང་དང་ལ། ལྷ་སའི་ཁྲོམ་ལ་སླེབས་སོང་ཞུ་རོགས་གནང་། ༤ ལྷ་སའི་ཁྲོམ་ལ་སླེབས་ནས། ཇོ་ལ་མར་མེ་འབུལ་སོང་ཞུ་རོགས་གནང་དང་ལ། ཇོ་ལ་མཆོད་མེ་འབུལ་སོང་ཞུ་རོགས་གནང་། ཇོ་ལ་མར་མཆོད་མེ་ནས། ཨོ་ལོ་རླུང་རྟ་དར་སོང་ཞུ་རོགས་གནང་དང་ལ། བུ་ཆུང་རླུང་རྟ་དར་སོང་ཞུ་རོགས་གནང་།