У нас вы можете посмотреть бесплатно TENZIN PAIX - KEEP GOING (Official Video) Prod By Shirazi или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
Prod. by Shirazi Beats Mix and Master By Overdrive Music / overdrive.music མུ་མཐུད་བྱེད། གཞས་ཚིག ད་རིས་ང་ཡིས་བཏང་བའི་གཞས་འདི་ཁྱོད་ཚོ་ཚང་མས་ཡག་པོ་ཉོན། དོན་དག་བསླབ་བྱ་རྒྱུ་མཚན་གོ་ན་གཡུག་བྱེད་མ་བཞག་ཟུར་ལ་ལེན། ལས་ལ་གང་བཀོད་མ་གཏོགས་སོ་སོའི་སྣང་བ་གང་ཤར་བྱེད་ཡ་མེད་དེ། དམིགས་ཡུལ་འདོད་པ་ག་རེ་ཡོད་ན་དེ་ཚོ་ཚང་མ་མུ་མཐུད་བྱེད། མུ་མཐུད་བྱེད། གུས་འདུད་བྱེད། ད་རིང་འདི་ལ་སླེབས་ཡོད་Paix དུས་ཚོད་རིང་པོར་ངས་གཞས་བཟོས་མེད། ཁ་ཤས་ང་ལ་དྲན་པ་བརྗེད། ཁྱད་པར་མེད འགྱོད་པ་མེད། ཆང་དང་ཨ་རག་འཐུང་བསྡད་མེད། ད་ལྟ་བར་དུ་དེབ་ནང་བྲིས་བྱས། སྨྱུག་གུ་སྣག་ཚ་འོ་ད་རྫོགས་སོང་། Party འཚོགས་སོང་། སྡིངས་ཆ་ལང་ཡ་གོ་སྐབས་རྫོགས་སོང་། སྨོན་ལམ་འཚོགས་སོང་། ཚོགས་རྫོགས་སོང་། ཨ་མ་ཁ་ཤས་ཉོབ་བྱས་འགྲོ་སོང་། སེམས་པ་སྐྱོ་སོང་། བོད་པའི་rapper ནང་ལ་ང་སླེབས་གི་མི་འདུག Top བཟོས་པའི་གཞས་ནང་གོ་ཡ་མེད། དོབ། དཀྱིལ་མ་ལ་སླུག་གི་ཡོད། མཚམས་མཚམས་ཆོབ། གཞས་འདི་ཚོར་ན་ཚང་མ་མཉམ་དུ་མཆོངས། མཆོངས། མཆོངས། མཆོངས། རྒྱ་མིས་བོད་དེ་བཅོམ། བཅོམ། ངའི་ལྷམ་དེ་འཚོང་། འཚོང་། རོགས་པ་འཆམ་པོ་ཁ་ཤས་འཛོམས། ལྷམ་གོག་གསར་པ་ཁོང་ཚོ་ལ་བཙོངས། ཁེ་བཟང་ཡོད་ན་ཟུར་ལ་བསྡོམས། རྨ་བྱ་མཛེས་མ་ཚ་པོ་མཐོང་ན། ཕོ་གསར་ཚང་མ་མོ་ལ་འཐོམས། ཁ་ཞིག་སྐོམ། ཕར་ཙམ་ཕྱིན། ཆང་གཅིག་འཐུང་། དུ་བ་གཅིག་འཐེན། དུ་བ་འདིའི་མཉམ་དུ་ལ་ལྷ་ཡུལ་ལ་ཕྱིན། ལྷ་ལྷ་མོ་མཛེས་མ་ཚོ་ལ་མཇལ་ཁ་གཅིག་ཞུས། གླང་དར་མ་ཕར་རྩ་བསྡད་བཞག ཧེར་ཀོག་ཅིག་ཞུས། གཏོང་ཡིག་བྲིས་དུས་རྐུབ་དེ་ལ་ཆེད་ཞུ། D-section ཡིན་ན་ལས་ཡིག་ཚད་ལ་དཔེ་བཤུས། ཁ་ཤས་ཀྱིས་ངའི་གཞས་གོ་དུས། གཟུགས་པོ་ལ་འདྲེ་བཞུགས། འདྲེ་བཞུགས། འདིར་ཤོག འདིར་ཤོག ཡག་པོ་བྱས་ནས་ཉོན་ཨ། དེ་རིང་ངས་འདི་ལ་ཡ་ཁྱོད་ཚོའི་ཨམ་ཅོག་ནང་། ང་རང་གི་སེམས་ནང་ལ་འཁོར་བ་དང་བསམ་པ་དང་དྲན་པ་དང་སླེབས་པ་དང་ཚང་མ། ངས་དེ་རིང་འདིར་ངའི་གཞས་འདིའི་ནང་ལ་བྲིས། གསང་སྤྱོད་ནང་ལ་འགྲོ་ཚར་དུས་རྐུབ་དེ་ཕྱེས། ཐུགས་རྗེས་གཟིགས། ལས་ཀ་ཡག་པོ་བྱེད་མཁན་ཁྱོད་ཚོ་མུ་མཐུད་བྱེད། འཆམ་མཐུན་གྱིས། སྡོག་རྩ་གཅིག་དྲིལ། ས་ཡ་དྲུག་བོད་མི་ང་ཚོའི་རྨི་ལམ་གཅིག ༸སྐུ་མདུན་པོ་ཏ་ལ་ནས་མཇལ་ཡ། བོད་ནང་བོད་མི་ཐུག་ཡ་ཡོད་ན། ཆོལ་ཁ་ཆབ་སྲིད་དབྱེ་བ་ཕྱེ་ནས་ནང་ལོག་ཕན་ཚུན་འཁྲུག་པ་མེད་ན། ང་ཚོ་རང་བཞིན་ཕན་ཚུན་འཆམ་མཐུན། དོན་དག་ག་རེ་ཡོད་ནས་ཕན་ཚུན་ཁ་མཐུན། ལས་ཀ་ག་རེ་བྱེད་ནས་མེད་གདའ། རྒྱབ་མདུན། ༸སྐུ་མདུན་ལ་མཚན་སྨད་ཞུ་མཁན་གདོང་ལ། ཧག་ཐུ། ཞེད་དགོས་མེད། བྲོས་དགོས་མེད། བློ་ཁོག་ཡོད་ན་ཤོག་དང་། རོགས་པ་ག་ཚོད་ཡོད་ནས་ཚང་མ་ཁྲིད་ནས་ཤོག་དང་། ཐུག་དགོས་ང་ཚོ། རེས་གཟའ་ལྷག་པ། ༸སྐུ་མདུན་ལྷག་དཀར། ཆུ་ཚོད་ལྔ་པ། གཙུག་ལག་ཁང་གི་མདུན་ལ་གྲོགས་པོ་གྱོན་ནས་ཤོག་ཨ། བོད་ཆས། བསྡུར་དགོས། ང་ཚོ་སྒོར་གཞས། འཁྲབ་སྟངས་མ་ཤེས་ན། ཟུར་ལ་བསྡད་བྱས་འཁྲབ་མཁན་ཚོ་ལ་ལག་པ་རྡོབས། མིག་གིས་བུ་མོ་མཛེས་མ་འདམ། ངོ་ཚ་སྤངས། ཡར་ཞིག་ལངས། མོའི་འགྲམ་ལ་ཕྱིན་བྱས། བྱོད་བཤད། འཁྲུལ་བཤད། རྗེས་ལ་ག་ལེར་ཕ་ཚུར་ངོ་ཤེས། དྲུག་གསུམ་བཅོ་བརྒྱད་ཚང་མ་བྱས་རྗེས། རྨ་བྱ་མཛེས་མ་གཞན་དག་མཐོང་དུས། ད་ལྟ་ཐུག་པ་དྲན་པ་མ་བརྗེད། ད་རིང་ང་ཡིས་བཏང་བའི་གཞས་དེ་ཁྱོད་ཚོ་ཚང་མས་ཡག་པོ་ཉོན། དོན་དག་བསླབ་བྱ་རྒྱུ་མཚན་གོ་ན་གཡུག་བྱེད་མ་བཞག་ཟུར་ལ་ལེན། ལས་ལ་གང་བཀོད་མ་གཏོགས་སོ་སོའི་སྣང་བ་གང་ཤར་བྱེད་ཡ་མེད་དེ། དམིགས་ཡུལ་འདོད་པ་ག་རེ་ཡོད་ན་དེ་ཚོ་ཚང་མ་མུ་མཐུད་བྱེད། མུ་མཐུད་བྱེད། གུས་འདུད་བྱེད། ད་རིང་འདི་ལ་སླེབས་ཡོད་Paix དུས་ཚོད་རིང་པོར་ངས་གཞས་བཟོས་མེད། ཁ་ཤས་ང་ལ་དྲན་པ་བརྗེད། ཁྱད་པར་མེད། འགྱོད་པ་མེད། ཆང་དང་ཨ་རག་འཐུང་བསྡད་མེད། ད་ལྟ་བར་དུ་དེབ་ནང་བྲིས་བྱས། དེ་རིང་གཞས་འདི་འདི་ལ་རྫོགས་སོང་།