У нас вы можете посмотреть бесплатно དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གདན་ས་དབུར་སྟོད་བྱམས་པ་གླིང་། или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
༄༅།། ཡིག་རྙིང་དག་ལས། བོད་ཀྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ནང་ཚན་། ཡུལ་ཀླུམ་རོ་ཡ་གསུམ་མམ་ཀླུང་ཤོད་ནམ་པོའི་ཡུལ་དང་། པུར་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ཕྲན་ཐམས་ཅད་བོད་ཁམས་གཅིག་གྱུར་བཟོས་ཏེ། རྒྱལ་ས་ལྷ་ས་ལྟེ་བར་བྱས་ནས་དབུ་རུ་སྟོད་སྨད་གཉིས་ལས། དབུ་རུ་སྟོད་བསྟན་པ་ཕྱི་དར་བཀའ་གདམས་པའི་ཕ་ས། བཀའ་གདམས་པའི་སྐྱེས་མཆོག་དྲུང་ཚུལ་བཀྲས་པ་དང་དཔལ་འབྱོར་བཟང་པོ་ཟུང་གིས་ཕྱག་བཏབ་པའི་གདན་ས་ན། བཀའ་གདམས་གསར་མའི་གསང་ཆེན་རྒྱུད་གྲྭ་སྟོད་སྨད་གཉིས་ལས། གསང་བདག་མི་ཡི་རོལ་གར་རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་ཞལ་སྔ་ནས་དབུར་སྟོད་ཀླུང་ཤོད་མདའ། བཀའ་གདམས་དགེ་བཤེས་འཆད་འུ་བའི་གདན་ས་དང་ཐག་མི་རིང་བ་ན། རྒྱུད་ཀྱི་གདན་ས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གདན་སའི་ཕྱི་མོར་གྱུར་པ་དབུར་སྟོད་བྱམས་པ་གླིང་འདི་ཉིད་ཕྱག་བཏབ་པས། དབུར་སྟོད་ཡུལ་དུ་རྒྱུད་པ་སྟོད་ཀྱི་གདན་ས་བཞེངས་པ་ལ་བརྟེན་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ངམ་རྒྱུད་སྟོད་གྲྭ་ཚང་ཞེས་པའི་མཚན་གྱི་སྙན་པ་ས་གསུམ་ན་གྲགས་པ་འདི་བྱུང་ངོ་།