У нас вы можете посмотреть бесплатно དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་བ། или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་རྒྱ་གར་དབུས་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཐེངས་གཉིས་པ་དེ་བཞིན་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་ནས་དབུ་འཛུགས་གནང་བ། དཔལ་ལྡན་སྲིད་སྐྱོང་མཆོག་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་མི་མང་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས་ས་གནས་ཀྱི་དགོན་སྡེ་ཁགདང་། ས་གནས་མཉམ་འབྲེལ་གྱི་གངས་ལྗོངས་ནོར་འབྲས་བཟོ་གྲྭ། རྒས་གསོ་ཁང་། ས་གནས་ཀྱི་ལས་ཁུངས་ཁག ས་གནས་འཕྲོད་བསྟེན་སྨན་ཁང་དང་། ཡན་ལག་སྨན་རྩིས་ཁང་་སོགས་འཚམས་གཟིགས། གྷོ་ཏན་གའུ་ས་ྃབྷོ་ཊ་ཉིན་སློབ་ཏུ་འཚམས་གཟིགས་དང་སྦྲགས་དགེ་སློབ་རྣམས་ལ་ལམ་སྟོན་གསུང་བཤད་གནང་། འདི་རིང་ཕྱི་ཚེས་ ༣༡ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་སྦན་ད་ར་ནོར་རྒྱས་གླིང་གཞིས་གྲོང་དང་པོར་འཚམས་གཟིགས་དང་མི་མང་ཐུག་འཕྲད། ས་གནས་མི་མང་ཚོགས་ཁང་གསར་པའི་ས་ཆ་རྟོགས་ཞིབ། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་དང་ལས་བྱེད་བཞུགས་མོལ་ཚོགས་སོགས་ཚོགས་གནང་བ།