У нас вы можете посмотреть бесплатно དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བསྐྱར་དུ་འོས་འདེམས་བྱུང་བརའཚམས་འདྲི་ཞུས་། или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་ད་ལྟའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བསྐྱར་དུ་འོས་འདེམས་བྱུང་བར་སྙིང་ཐག་པ་ནས་འཚམས་འདྲི་ཞུས་། ངས་ད་ལན་གྱི་སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས་ལ་གུས་བརྩི་དང་དང་ལེན་ཞུ་རྒྱུ་དང་། ད་ལྟའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བསྐྱར་དུ་འོས་འདེམས་བྱུང་བར་སྙིང་ཐག་པ་ནས་འཚམས་འདྲི་ཞུ། གོ་སྐབས་འདི་བརྒྱུད་ནས་ང་ལ་ད་བར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་མཁན་རྣམས་དང་། ང་ལ་ཡིད་ཆེས་ཆེན་པོས་འོས་ཤོག་འཕེན་མཁན་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་སྲིད་སྐྱོང་འོས་མིའི་ངོ་ཚབ་ཏུ་འོས་བསྡུའི་ནང་ཞུགས་རྒྱུ་བྱུང་བ་ནི་ངའི་ངོས་ནས་བསོད་ནམས་དང་ཆེ་མཐོང་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད། ཐེངས་འདིའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་ནི་དེ་སྔོན་དང་མི་འདྲ་བར། འོས་མིར་བཞེངས་མཁན་ཉུང་བ་དང་། ད་ལྟའི་ལས་ཐོག་སྲིད་སྐྱོང་མཆོག་གིས་དངོས་སུ་འོས་བསྡུའི་དྲིལ་བསྒྲགས་དང་ལས་འགུལ་སྤེལ་མ་གནང་བ། དེ་བཞིན་འོས་བསྡུའི་ཉིན་མོར་འོས་ཤོག་འཕེན་མཁན་གྱི་གྲངས་འབོར་དེ་སྔོན་ལས་ཧ་ཅང་གི་ཉུང་བའི་གནས་སྟངས་བྱུང་ཡང་། ང་ཚོའི་ངོས་ནས་ནུས་པ་གང་ཡོད་ཀྱིས་དྲང་བདེན་དང་ལྷག་བསམ་གྱི་སྒོ་ནས་འོས་བསྡུའི་ལས་འགུལ་སྤེལ་བར་ང་རང་སྤོབས་པ་ཡོད། ང་ཚོས་མཉམ་རུབ་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་ཆེ་མཐོང་སླར་གསོ་བྱས་པ་མ་ཟད། འོས་འཕེན་མཁན་རྣམས་ལ་ཁ་གསལ་དང་དོན་དམ་གྱི་གདམ་ཁ་ཞིག་འབུལ་ཐུབ་པ་བྱུང་ཡོད། འོས་བསྡུའི་ལས་འགུལ་གྱི་བརྒྱུད་རིམ་ཡོངས་སུ་ང་ཚོས་གནད་དོན་ཁག་གསུམ་ལ་གཙོ་བཟུང་བྱས་ཡོད། དེ་དག་ནི། བོད་དོན་རང་དབང་འཐབ་རྩོད་ཀྱི་གནས་བབ་མཐོ་རུ་གཏོང་རྒྱུ་དང་། མི་མང་ནང་ཁུལ་གྱི་མཐུན་སྒྲིལ། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞི་རྩ་བརྟན་པོ་དང་ཡུན་གནས་ཐུབ་ཐབས་བཅས་ཡིན། གནད་དོན་དེ་དག་ནི་དངོས་ཡོད་དང་གལ་འགངས་ཆེན་པོ་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་ཐུགས་འཁུར་ཆེ་བཞེས་ཀྱིས་དེའི་ཐོག་ཤུགས་སྣོན་དང་། ལྷག་པར་དུ་མཐུན་སྒྲིལ་གྱི་གནད་དོན་འདི་ནི་གལ་ཆེ་ནང་གི་དོན་ཆེན་དུ་དགོངས་ནས། སྒྲིག་འཛུགས་ཀྱི་དབུ་ལས་རྣམ་པས་འདིའི་ཐོག་ནུས་ཤུགས་འཕར་སྣོན་གྱིས་དོན་དམ་གྱི་ཕྱག་ལས་དངོས་སུ་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། མཐའ་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཁོང་སྐུ་འཚོ་ཞུགས་རིང་བོད་རང་དབང་གི་བདེན་མཐའ་གསལ་བ་དང་། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་དུས་བཟང་མྱུར་དུ་ཤར་བའི་སྨོན་འདུན་ཞུ། བོད་རྒྱལ་ལོ།། Dear Tibetan brothers and sisters, I respect and accept the decision of the electorate and extend my sincere best wishes to the incumbent Sikyong, Penpa Tsering la, on his reelection. I take this opportunity to express my heartfelt gratitude to all my supporters and to everyone who placed their trust in me with their vote. It has been a profound honor and privilege to serve as your candidate and to contest the office of the Sikyong. The 2026 Sikyong election was unusual, to say the least: a limited field of candidates, an incumbent who chose not to campaign openly, and a historically low voter turnout on Election Day. Despite these circumstances, I am proud of the vigorous, principled, and positive campaign that my supporters and I conducted. Together, we upheld the dignity of our democracy in exile and offered the electorate a clear contrast and a meaningful choice. Throughout the campaign, we emphasized three core priorities: elevating the Tibetan freedom struggle, strengthening unity among our people, and fostering the resilience and long-term stability of the CTA. These challenges remain real and urgent. It is my sincere hope that the CTA leadership will take serious and visible steps to reverse the decline on all three fronts. The issue of unity, in particular, is of paramount importance — and genuine unity must begin at the top. May the aspirations of a free Tibet — and the unity of Tibetans both inside and outside Tibet — be realized within the lifetime of His Holiness the Great 14th Dalai Lama. Bhod Gyalo! With gratitude, Kelsang Aukatsang བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་༢༠༢༦ཟླ་༢ཚེས་༡༣རེས་གཟའ་པ་སངས་ཉིན་ཕྱི་ལོ་༢༠༢༦ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང༌སྐབས་༡༨པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ཞུ་རྒྱུའི་གསར་འགོད་ལྷན་ཚོགས་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང་སྲིད་སྐྱོང་གི་དངོས་གཞི་འགྲན་བསྡུར་དགོས་དང་མི་དགོས་གཏན་ཁེལ་ཡོད་པའི་སང་ཉིན་ཕྱི་ཚེས་༡༣ ཉིན་དབུས་འོས་བསྡུར་ལྷན་ཁང་གིས་གསལ་བསྒྲགས་གནང་།