У нас вы можете посмотреть бесплатно A speech addressed by Kyabje Kundeling Rinpoche at Gaden Lhopa Khangtsen. или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༨ ཉིན། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཡ་གྱལ་དཔལ་ལྡན་ལྷོ་པ་ཁང་ཚན་གྱི་ལོ་འཁོར་གནམ་ལོ་གསར་བཞད་ཀྱི་རྟེན་འབྱུང་དགའ་སྟོན་མཛད་སྒོ་གཟབ་རྒྱས་ངང་འཚོགས། མཛད་སྒོའི་ཐོག་ཁང་ཚན་འདི་ཉིད་དང་ལོ་རྒྱུས་ཀྱི་འབྲེལ་བ་ཟབ་ཅིང་། བསྟན་འགྲོའི་དཔལ་མགོན་དུ་བཞུགས་པའི་སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན། རིན་པོ་ཆེ་མཆོག་ནས་བཀའ་དྲིན་ཆེན་པོས་ཆིབས་བསྒྱུར་བསྐྱངས་ཏེ། འདུས་མང་ཡོངས་ལ་ཟབ་ཅིང་རྒྱས་པའི་བཀའ་སློབ་ལམ་སྟོན་གྱི་བདུད་རྩི་བསྩལ་བར་དཔལ་ལྡན་ལྷོ་པ་ཁང་ཚན་ནས་སྙིང་དབུས་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ། ཁང་ཚན་ནས་རྟེན་འབྱུང་གི་དོད་དུ་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྦྲགས། གང་ཉིད་ཀྱི་གསང་གསུམ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། མཁྱེན་རབ་ཀྱི་འོད་སྣང་རྒྱས་པ། མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པའི་སྨོན་འདུན་རྩེ་གཅིག་ཏུ་ཞུས་པ་ལགས་སོ།།