Русские видео

Сейчас в тренде

Иностранные видео


Скачать с ютуб ༄ ༧གོང་ས་མཆོག་ཕེབས་ལ་ཉེ་བའི་གཙང་བཟོ་དང་གྲ་སྒྲིག་གནང་བཞིན་པའི་སྐབས་ཀྱི་བརྙན་ཐུང་། в хорошем качестве

༄ ༧གོང་ས་མཆོག་ཕེབས་ལ་ཉེ་བའི་གཙང་བཟོ་དང་གྲ་སྒྲིག་གནང་བཞིན་པའི་སྐབས་ཀྱི་བརྙན་ཐུང་། 2 недели назад


Если кнопки скачивания не загрузились НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием, пожалуйста напишите в поддержку по адресу внизу страницы.
Спасибо за использование сервиса ClipSaver.ru



༄ ༧གོང་ས་མཆོག་ཕེབས་ལ་ཉེ་བའི་གཙང་བཟོ་དང་གྲ་སྒྲིག་གནང་བཞིན་པའི་སྐབས་ཀྱི་བརྙན་ཐུང་།

༧གོང་ས་མཆོག་ཕེབས་ལ་ཉེ་བའི་གཙང་བཟོ་དང་གྲ་སྒྲིག། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༠༢ ཚེས་ ༡༧ དགེ་བར་༸གོང་ ས་ྋསྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ། དཔལ་ལྡན་སྨད་རྒྱུད་པའི་བཤད་ སྒྲུབ་འཆད་ཉན་གྱི་ཡོངས་རྫོགས་བསྟན་པའི་བདག་པོར་མངའ་གསོལ་མཚོན་རྟགས་ཆོས་དུང་དཀར་པོའི་ཏོག་ གིས་རྒྱན་པའི་གསེར་གྱི་འཁོར་ལོ་འབུལ་ལམ་ཞུ་བ་དང་འབྲེལ། རང་ཅག་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ལྷ་སྡེ་མི་སྡེ་ཡོངས་ནས་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང༌། དེ་འབྲེལ་ལོ་མང་སྔོན་ནས་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ལ་དབལ་ལྡན་སྨད་རྒྱུད་གྲྭ་ ཚང་མཁན་བླ་འདུས་མང་སྤྱི་མགྲིན་ནས་དཔལ་ལྡན་སྨད་རྒྱུད་པའི་ཉམས་བཞེས་ཐུན་མོང་མ་ཡིན་པ། ༼དཔལ་གསང་བ་འདུས་པའི་ལམ་རིམ་པ་ལྔ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་དམར་ཁྲིད།༽ ཅེས་པའི་ཆོས་འབྲེལ་བཀའ་དྲིན་ཆེ་བར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། ཐེངས་འདིར་ཡང་གསོལ་ འདེབས་ཞུ་ཡོད་པ་ལགས་ན། སྐལ་ལྡན་དོན་གཉེར་ཅན་རྣམས་ནས་དེ་ལུགས་དགོངས་འཇགས་ཡོང་བའི་ གསལ་བསྒྲགས་སུ།

Comments