У нас вы можете посмотреть бесплатно དཔལ་ལྡན་ལྷ་མོའི་སྒྲུབ་པ་འཚོག་སྐབས་ཀྱི་བརྙན་པར།Annual Palden Lhamo Puja (Lhamo Dupa) или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
དཔལ་ལྡན་ལྷ་མོའི་སྒྲུབ་པ་འཚོག་སྐབས་ཀྱི་བརྙན་པར། Annual Palden Lhamo Puja (Lhamo Dupa) དེ་རིང་སྟེ་བོད་རྒྱལ་ལོ་༢༡༥༠ ཟླ་བ་༡༢ པའི་ཚེས་༡༡ རེས་གཟའ་ཉི་མ་གཟའ་སྐར་འཕྲོ་སྦྱོར་གྱི་ཉིན་ལོ་ལྟར་གཙོ་བོ་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་ལྷ་སྐལ་འཇིག་རྟེན་ཞི་བདེའི་དེད་དཔོན་༸སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་མི་ཤིགས་རྡོ་རྗེ་ཁམས་སུ་བརྟན་ཅིང་ཟབ་མོའི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བ་དང་མཛད་འཕྲིན་དབྱར་གྱི་མཚོ་ཆེན་ལྟར་འཕེལ་བའི་སླད་དུ་དང་། སྒོས་སུ་གྲྭ་ཚང་འདི་ཉིད་ཀྱི་མཁན་ལས་ཟུར་རྣམ་པ་དང་སྦག་ས་ནས་ཕེབས་པའི་གནས་བརྟན་སྐུ་འགྲེས་རྣམ་པ་སྐུ་ཚེ་ཡུན་དུ་བརྟན་པ་དང་གཉུག་མར་གནས་པའི་སློབ་གཉེར་བ་རྣམ་པའི་ཐོས་བསམ་སྒོམ་གསུམ་གྱི་འཆད་ཉན་གྱི་བྱ་བ་རྣམས་ཡར་ངོའི་ཟླ་བ་བཞིན་རྒྱས་པ་དང་། གྲྭ་ཚང་འདི་ཉིད་ཀྱི་བྱ་བ་ལས་ཀྱི་འཁོར་ལོ་ཆེ་ཕྲ་ཆུང་གསུམ་གང་གནང་བ་ཐམས་ཅད་ལམ་ལྷོངས་ཡོང་བ་བཅས་དང་། མདོར་ན་གྲྭ་ཚང་འདི་ཉིད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་མཆོད་ཡོན་གྱི་དད་ལྡན་སྦྱིན་བདག་རྣམ་པ་ནད་མེད་ཚེ་རིང་དང་ཆོས་ཕྱོགས་ཀྱི་བྱ་བ་གང་གནང་བ་ཐམས་ཅད་བར་ཆད་ཀྱི་ཆ་ཕྲ་མོ་ཙམ་མི་འགོས་པར་བསམ་དོན་བཞིན་དུ་འགྲུབ་པའི་སླད་དུ་ལོ་ལྟར་འཚོགས་གནང་བའི་གྲྭ་ཚང་འདི་དང་ལས་འབྲེལ་ཐུན་མོང་མ་ཡིན་པ་ཡོད་པ་བསྟན་སྲུང་མ་གཅིག་འདོད་ཁམས་བདག་མོ་དཔལ་ལྡན་ལྷ་མོའི་སྒྲུབ་པ་ཞེས་ལྷ་མོའི་མཚན་ཚོགས་བཞིན་པ་དགེ་བར་གྱུར་ཅིག Tonight, a sacred ritual has commenced at our monastic main prayer hall. High dignitaries, Rinpoche, scholars, and esteemed Geshes have gathered to perform the revered Palden Lhamo Puja (Lhamo Dupa) to the monastic deity. This intense prayer ceremony, spanning from 6 P.M. to 7 A.M. the next morning, is dedicated to the longevity and good health of His Holiness the 14th Dalai Lama, the well-being of our monastic community, and the attainment of world peace, happiness, and harmony for all sentient beings.