У нас вы можете посмотреть бесплатно སེར་སྨད་གྲྭ་ཚང་དུ་སྨད་བླའི་མདོ་ཆོག་ཚོཊ་འདོན་གནང་བའི་སྒྲ་དེབ། Medicine Buddha chanting in the morning или скачать в максимальном доступном качестве, видео которое было загружено на ютуб. Для загрузки выберите вариант из формы ниже:
Если кнопки скачивания не
загрузились
НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием видео, пожалуйста напишите в поддержку по адресу внизу
страницы.
Спасибо за использование сервиса ClipSaver.ru
སེར་སྨད་གྲྭ་ཚང་གི་ཐུན་མོངས་མ་ཡིན་པའི་སྨན་བླའི་སྒྲུབ་མཆོད་ངོ་སྤྲོད་སྙིང་བསྡུས། •བྱུང་རིམ། བོད་ཀྱི་རྒྱལ་ཚབ་དང་པོ་སྟེ་དེ་མོ་སྐུ་ཕྲེང་བདུན་པ་བདེ་ལེགས་རྒྱ་མཚོས་བོད་ཀྱི་རྒྱལ་སྲིད་སྐྱོང་བའི་སྐབས་སུ་བོད་བསྟན་སྲིད་ཀྱི་དོན་དུ་སངས་རྒྱས་སྨན་བླའི་མཆོད་འབུལ་ཞིག་དགོས་པར་དགོངས་ནས་མནལ་ལམ་བརྟགས་པའི་ཚེ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་འདུ་ཁང་དུ་བཞུགས་སུ་གསོལ་བའི་སངས་རྒྱས་སྨན་བླའི་སྐུ་ལས་འཇའ་དང་འོད་འཕྲོས་པ་སོགས་ངོ་མཚར་བའི་ལྟས་དང་བཅས་མནལ་ལམ་དུ་བྱུང་བ་ལ་བརྟེན་ནས་སེར་སྨད་གྲྭ་ཚང་དུ་སྨན་བླ་བདེ་གཤེགས་བརྒྱད་རྟེན་དང་བརྟེན་པའི་དཀྱིལ་འཁོར་བློས་བསླངས་གསར་བཞེངས་དང་འབྲེལ་སྨན་བླའི་སྒྲུབ་མཆོད་ཆེན་མོ་དབུ་འཛུགས་བྱས་ནས་ད་ལྟའི་བར་དུ་གནས་བཞིན་པ་དང་། •དམིགས་ཡུལ། འཛམ་གླིང་ཡུལ་ཁམས་ཀུན་དུ་ནད་མུག་འཁྲུགས་རྩོད་སོགས་ཞི་བ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ལྷག་པར་དུ་བསྟན་པ་དེ་འཛིན་ཀུན་གྱི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་གསང་གསུམ་ལ་འགལ་རྐྱེན་གྱི་ཆ་ཕྲ་མོ་ཙམ་ཡང་མི་འབྱུང་བ་དང་། བོད་བསྟན་པ་ཆབ་སྲིད་ཀྱི་མངའ་ཐང་རྣམས་གོང་ནས་གོང་དུ་འཕེལ་བ་དང་། བོད་ཀྱི་བདེན་མཐའ་མྱུར་ཏུ་སེལ་ཏེ་གཞིས་བྱེས་ཉམས་འཛོམ་གྱི་རྫོགས་ལྡན་ཉི་གཞོན་འཆར་བ་སོགས་ཀྱི་ཆེད་དང་། •ཚོགས་ཐུན། སྨན་བླའི་སྒྲུབ་མཆོད་ཆེན་མོ་འདི་ཉིད་བདུན་གཅིག་གི་རིང་ཉིན་རེར་ཚོགས་ཐུན་གསུམ་རེ་དང་། ཉིན་གུང་གི་ཚོགས་ཐུན་དུ་སྨན་བླ་མཆོག་བདེན་མ་ཚར་གཅིག་དང་སྨན་བླའི་གཟུངས་སྔགས་ཅི་མང་གསོག་སྒྲུབ་དང་། སྔ་དགོང་གི་ཚོགས་ཐུན་གཉིས་སུ་སྨན་བླའི་མདོ་ཆོག་གམ་བདེ་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ་ཞེས་བྱ་བ་དེ་ཉིད་སེར་སྨད་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་གསུང་སྲོལ་རྟ་འདུལ་དབྱངས་གསུམ་གྱི་སྒོ་ནས་ཚར་རེ་དང་། ཉིན་མཐའ་མར་སྨན་བླའི་སྦྱིན་སྲེག་དང་། དགོང་མོ་སྨན་བླ་མཆོག་བདེན་མ་དང་འབྲེལ་སྨན་བླའི་སྒོ་ནས་གཤིན་པོའི་སྦྱང་ཆོག་དང་། མཇུག་ཏུ་བསྔོ་བ་སྨོན་ལམ་དང་བཀྲ་ཤིས་ཚིག་བཅད་གྱིས་མཐའ་བརྒྱན་ནས་གསུང་སྲོལ་ཡོད་པ་ལྟར་རོ།། ད་ལམ་གྱི་བརྙན་ནམ་སྒྲ་དེབ་འདི་ནི་ད་ལོ་སྟེ་༢༠༢༣ལོའི་སྨན་བླའི་སྒྲུབ་མཆོད་ཀྱི་ཉིན་ལྔ་བའི་ཚོགས་ཐུན་གསུམ་པ་སྟེ་དགོང་མོར་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་རྒྱལ་སྲས་བླ་སྤྲུལ་ཁག་དང་། བཀའ་རབས་འབྱམས་དགེ་བའི་བཤེས་གཉེན། འདུས་ཚོགས་བརྒྱ་ཕྲག་དུ་མས་མགྲིན་གཅིག་དབྱངས་གཅིག་གིས་སྨན་བླའི་མདོ་ཆོག་ཚོགས་འདོན་གནང་བ་སྒྲ་ཕབ་སྟེ་སྨན་བླའི་ཕྱག་དཔེ་སྤྱན་ལམ་དུ་བསྟར་ནས་ཕྱོགས་བསྒྲིགས་བྱས་པ་འདི་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་སྤྱན་ལམ་དུ་འབུལ་ལམ་ཞུས་པ་བཅས་སོ།།